མཚོ་བྱང་ཁུལ་གྱིས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་བདེ་འཇགས་ལ་སྲུང་སྐྱོབ་བྱས།
2018.02.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཉེ་ལམ། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་བདེ་འཇགས་དང་མཚོ་སྔོན་པོ་ས་ཁུལ་གྱི་ཡུན་སྐྱོང་གཏན་འཇགས་ལ་ཁག་ཐེག་བྱེད་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཉ་ལས་ཅུའུ་ཡིས་མཚོ་ཐོག་སྐོར་ཞིབ་དང་དར་ཁུང་བརྟོལ་ནས་དྲ་རྒྱ་ལེན་པ། ལམ་བར་ནས་ཞིབ་བཤེར་བྱེད་པ། མཚན་མོར་དངོས་སྡོད་སྐོར་ཞིབ་བྱེད་པ་སོགས་ཀྱི་བྱ་བ་སྤེལ།

རྒྱུས་ལོན་བྱས་པ་ལྟར་ན། སྐོར་ཞིབ་བྱ་བའི་ཐད་ནས་ཚན་ཆུང་བགོས་ནས་རྐང་ཐང་ལ་སྐོར་ཞིབ་བྱས་པ་དང་། དར་ཁུང་བརྟོལ་ནས་དྲ་རྒྱ་ཕྱིར་བླངས། དེ་དང་མཉམ་དུ། གསེར་ཉ་འཚོང་བ་དང་གསོག་ཉར་བྱེད་པའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་ཆེད། ཧར་དགེ་ཉ་ལས་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པས་དུས་ངེས་མེད་དང་གནས་ངེས་མེད་དུ་རྒྱལ་ལམ315ཡི་སྟེང་ལམ་ཞིབ་བྱ་བ་སྤེལ་བ་དང་། ཕར་འགྲོ་ཚུར་ཡོང་གི་རླངས་འཁོར་ལ་ཞིབ་བཤེར་དང་སློབ་གསོ་དྲིལ་སྒྲོག་སྤེལ་ནས། གསེར་ཉ་ཕྱིར་འཚོང་དང་གསོག་ཉར་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་འབྱུང་བར་བཀག་འགོག་བྱས་ནས། མཚོ་བྱང་ཁུལ་གྱི་ཉ་ལས་ཐོན་ཁུངས་བདེ་འཇགས་ལ་ཁག་ཐེག་བྱས།