མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་སུ་བསྡོམས་པས་སྤྱི་ཚོགས་འགན་སྲུང་བྱང་བུ་ལྔ་བརྒྱ་ཉེར་ལྔ་བྱིན་ཏེ་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་དགུ་བཅུ་དང་གྲངས་ཆུང་དྲུག་ལ་ཁེབས་པར་བྱས།
2018.02.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར། ཞིང་ཆེན་ཡོངས་སུ་བསྡོམས་པས་སྤྱི་ཚོགས་འགན་སྲུང་བྱང་བུ་ལྔ་བརྒྱ་ཉེར་ལྔ་བྱིན་ཏེ་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་དགུ་བཅུ་དང་གྲངས་ཆུང་དྲུག་ལ་ཁེབས་པར་བྱས།

ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་སྟོབས་ཤུགས་ཡོད་རྒུས་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཆ་འཕྲིན་ཅན་ནས་ཆ་འཕྲིན་ཅན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ཕྱོགས་སུ་སྒྱུར་བ་མངོན་འགྱུར་བྱས་ནས་མཉམ་འབྲེལ་དྲ་རྒྱ་དང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་མཉམ་བསྲེས་ཀྱི་བྱ་བར་སྐུལ་འདེད་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏིངས། ཞིང་ཆེན་རིམ་པའི་ལས་སྒོའི་གཞི་གྲངས་དང་དྲ་རྒྱའི་ལྟ་སྐུལ་དོ་དམ་སོགས་ལྟེ་གནས་ཆེན་པོ་གསུམ་འཛུགས་སྐྲུན་བྱས་ཏེ་ལས་སྒོ་དང་མང་ཚོགས་ཚོགས་པ། བྱེད་ནུས། དྲ་རྒྱ་བཅས་ཀྱི་ཁེབས་པ་བཞི་མངོན་འགྱུར་བྱས་པ་དང་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་། སྡེ་བ་བཅས་མཉམ་འབྲེལ་གྱི་རིམ་ལྔའི་དྲ་རྒྱ་འཛུགས་སྐྲུན་བྱས།

བཀོལ་སྤྱོད་མ་ལག་ཞིང་ཆེན་དུ་གཅིག་བསྡུས་བྱེད་པ་མངོན་འགྱུར་བྱས་ཡོད་པ་དང་། མིག་སྔར། རིགས་སོ་སོའི་ལས་སྒོའི་བཀོལ་སྤྱོད་མ་ལག་སུམ་ཅུའི་འཛུགས་སྐྲུན་ལེགས་གྲུབ་བྱུང་སྟེ་གཞི་རྩའི་སྟེང་ལས་ཞུགས་གསར་གཏོད་དང་སྤྱི་ཚོགས་འགན་སྲུང་། མི་ཤུགས་ཐོན་ཁུངས་ཞབས་ཞུ། སྲིད་དོན་ཞབས་ཞུ་སོགས་བྱ་བའི་ཁྱབ་ཁོངས་སུ་ཁེབས་པར་བྱས་ཡོད།

ཡུལ་གཞན་དུ་སྨན་རིན་རྩིས་ཞུ་བྱེད་པའི་མ་ལག་ཁྱོན་ཡོངས་ནས་བཙུགས་གྲུབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལས་བཟོ་བ་དང་མཁར་གྲོང་སྡོད་དམངས་ཀྱིས་ཡུལ་གཞན་དུ་སྨན་པར་བསྟན་པའི་ཆ་འཕྲིན་མ་ལག་དང་རྒྱལ་ཁབ་སྟེགས་བུའི་འབྲེལ་མཐུད་མངོན་འགྱུར་བྱས་ཡོད་པ་དང་ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པ་ཡན་གྱི་གནས་གཏན་སྨན་བཅོས་སྡེ་ཁག་བརྒྱ་དང་ཉི་ཤུ་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་སྨན་རིན་རྩིས་ཞུ་བྱེད་ཆོག་པའི་མ་ལག་ཏུ་བཞག་ཡོད་པར་མ་ཟད། ཡུལ་གཞན་དུ་སྨན་རིན་རྩིས་ཞུ་བྱེད་པར་གེགས་མེད་པ་མངོན་འགྱུར་བྱས་ཏེ་ཞིང་ཆན་ཕྱི་རུ་སྡོད་པའི་མི་སྣའི་སྨན་རིན་རྩིས་ཞུ་བྱེད་པའི་དཀའ་གནད་ཐག་གཅོད་བྱས།