ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར། ཕེན་ཁྲང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་མུས་ལྔ་བརྒྱའི་རྒྱུགས་ལམ་ཐུང་བའི་དར་ཤུད་རྟིང་རྩོད་འགྲན་བསྡུར་ཁྲོད་ཀྲུང་གོའི་ལུས་རྩལ་པ་ཝུའུ་ཏ་ཆིན་གྱིས་གསེར་གྱི་རྟགས་མ་བླངས་པར་མ་ཟད་འཛམ་གླིང་གི་ཟིན་ཐོ་ལས་བརྒལ། དེ་ནི་སྐབས་འདིའི་དགུན་ཁའི་ཨོ་རྩལ་འགྲན་བསྡུར་སྟེང་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་བླངས་པའི་གསེར་གྱི་རྟགས་མ་གཅིག་པུ་རེད།