ཞོན་ཧྭ་རྫོང་བིས་མདོ་བོད་རིགས་ཞང་གི་སྐབས་བཅོ་བརྒྱད་པའི་མཐུན་སྒྲིལ་བུམ་པ་རྟགས་མའི་ལྒང་ལི་འགྲན་སྡུར་གྱི་མཛད་སྒོ་གཟབ་རྒྱས་ངང་སྤེལ།
2018.02.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 9
མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་བིས་མདོ་བོད་རིགས་ཞང་གི་སྐབས་བཅོ་བརྒྱད་པའི་མཐུན་སྒྲིལ་བུམ་པ་རྟགས་མའི་ལྒང་ལི་འགྲན་སྡུར་གྱི་མཛད་སྒོ་ཉིས་སྟོང་བཅོ་བརྒྱད་ལོའི་སྤྱི་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་བིས་མདོ་ཞང་བོད་ཡིག་སློབ་འབྲིང་གི་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་སྤེལ།
རྫོང་དང་ཞང་རིམ་པའི་འབྲེལ་ཡོད་མགོ་ཁྲིད་དང་ས་གནས་མང་ཚོགས་ཁྲི་ལྔ་ཙམ་མཛད་སྒོར་ཞུགས་པ་དང་། བིས་མདོ་བོད་རིགས་ཞང་གི་སྲིད་འཛིན་སྡེ་བ་བཅུ་དྲུག་དང་སྡེ་ཆུང་སོ་བཞི་ལས་སྡེ་ཆུང་ཉེར་བཞི་ཐེངས་འདིའི་འགྲན་སྡུར་ལ་ཞུགས་ཡོད་པས། ད་ལོ་ནི་བིས་མདོ་བོད་རིགས་ཞང་གི་ལོ་ངོ་བཅོ་བརྒྱད་རིང་གི་གཞི་རྒྱ་ཆེས་ཆེ་བ་དང་། ཁྱད་ཆོས་ཀུན་འཛོམས་ཀྱི་ལྒང་ལི་འགྲན་སྡུར་ཐེངས་ཤིག་ཡིན། བྱ་འགུལ་འདིར་བསྟུན་ནས་ཞོན་ཧྭ་ས་ཆའི་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཨ་རྩེད་དང་། ལྷ་རྩེད། སྐོར་བྲོ། ཟློས་གར། རྡུང་ལེན། མདའ་རྩེད་སོགས་ཕྱོགས་བསྡུས་རང་བཞིན་ལྡན་པའི་རིག་གནས་སྣ་མང་ཞིག་སྔོག་འདོན་དང་ས་གནས་ཀྱི་རིག་གནས་དྲིལ་སྒྲོག་བྱེད་པའི་ཕྱོགས་ལའང་ནུས་པ་གལ་ཆེན་ཞིག་ཐོན་བཞིན་ཡོད།
མཛད་སྒོའི་སྟེང་བིས་མདོ་བོད་རིགས་ཞང་གི་ཞང་ཀྲང་རྡོ་བྷ་ཡིས་ཐོག་མའི་ཤིས་ཚིག་ཕུལ། ཁོས་བཤད་རྒྱུར།  བིས་མདོ་ས་ཁུལ་ནི་རླབས་ཆེ་བའི་རྒྱལ་གཅེས་ཆོས་གཅེས་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ལ་རྩེ་གཅིག་ཏུ་གཞོལ་མཁན། བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་ཡུལ་ཡིན་པས། ཕྱི་ནང་མཁས་བཙུན་མང་པོས་བསྟོད་གནས་ཁྱད་པར་ཅན་ཞིག་ཡིན་ལ།  པཎ་ཆེན་རིན་པོ་ཆེ་མཆོག་གི་ཐུགས་ཁུར་དང་བྱམས་སྐྱོང་འོག་ཞུན་ཧྭ་བོད་ཡིག་སློབ་འབྲིང་གི་འཕྲིན་ལས་རྒྱས་ཤིང་། ཤེས་ལྡན་པ་མང་པོ་སྐྱེད་སྲིང་བྱས་ཏེ་མདོ་དབུས་ཁམས་གསུམ་ལ་ཁྱབ་ཡོད། དུས་ད་ལྟ་ཡང་བིས་མདོ་ཞང་ཏང་ཨུ་དང་།  ཞང་མི་དམངས་སྲིད་གཞུང་གིས་ཡང་དག་པའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པས།  དམངས་ཡོངས་ཀྱི་དཔལ་འབྱོར་དང་འཚོ་བའི་ཆ་རྐྱེན་ལོ་རེ་བཞིན་གོང་འཕེལ་དུ་འགྲོ་བཞིན་ཡོད་པར་མ་ཟད།  རིག་གནས་ལས་དོན་དང་ཆོས་ལུགས་ལས་དོན་ཕྱོགས་ལའང་གྲུབ་འབྲས་མི་དམན་པ་བླངས་ཡོད། ཉིས་སྟོང་བཅུ་བདུན་ལོར་བིས་མདོ་ཞང་སྔ་ཕྱིར་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་བརྟན་སྲུང་བྱ་བའི་ཁྲོད་སྔོན་ཐོན་ཚོགས་པར་བདམས་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཁྲོད་སྔོན་ཐོན་ཞང་ཁག་ལ་བདམས་པ་མ་ཟད། མཚོ་ཤར་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཁྲོད་སྔོན་ཐོན་ཚོགས་པར་བདམས་ཤིང་།མཚོ་ཤར་གྲོང་ཁྱེར་གྱི་དཔལ་ཡོན་ལྡན་པའི་ཞང་ཁག་ལའང་བདམས་ཏེ་གཟེངས་རྟགས་ཐོབ།
ཏང་གི་ཡང་དག་པའི་དམངས་ཕན་སྲིད་ཇུས་ཀྱི་ཉི་འོད་དྲོན་མོའི་འོག    བོད་ཁུལ་ས་གནས་ཁག་གི་ཞིང་སྡེ་དག་ལ་འཕོ་འགྱུར་ཆེན་པོ་བྱུང་བ་དང་མང་ཚོགས་རྣམས་ཀྱིས་ཀྱང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད།  ཐེངས་འདིའི་དམངས་ཡོངས་མཉམ་ཞུགས་ཀྱི་ལུས་རྩལ་བྱེད་སྒོ་འདི་བརྒྱུད་ནས་མང་ཚོགས་ཀྱི་མཐུན་སྒྲིལ་ལ་སྣེ་ཁྲིད་དང་ལས་བསྐྲུན་གསར་གཏོད་ལ་སྐུལ་འདེད་ཐེབས་རྒྱུ་དང་།  ས་གནས་ཀྱི་རིག་གནས་དྲིལ་བསྒྲག་བྱེད་པའི་ཐད་ལའང་ནུས་པ་གལ་ཆེན་ཐོན་པར་གདོན་མི་ཟ།
 གསར་འགོད་པས་བིས་མདོ་བོད་རིགས་ཞང་གི་ཞང་ཀྲང་རྡོ་བྷ་ལ་ད་ལོའི་ལྒང་ལི་འགྲན་སྡུར་གྱི་གནས་ཚུལ་སྐོར་ནས་བཅར་འདྲི་བྱས་པར་ཁོས་བཤད་རྒྱུར།
༼  བཅར་འདྲིའི་སྒྲ༽
ལོ་རེའི་དུས་ཆེན་འདི་ནི་ལུས་རྩལ་པའི་ལྒང་ལིའི་ཆུ་ཚད་ངོམ་པའི་སྟེགས་བུ་ཡིན་ལ། སྡེ་མི་ཡོངས་ཀྱི་བསམ་བློའི་གོ་རྟོགས་དང་མི་གཤིས་སྤུས་ཚད། འཆམ་མཐུན་གྱི་འདུ་ཤེས་དང་ཀུན་སྤྱོད་ཀྱི་རྨང་གཞི། སྤྱི་མཐུན་གྱི་སེམས་ཁམས་སོགས་ཀྱི་ཚད་འཇལ་སའི་སྣ་འཛོམས་ཕྱོགས་བསྡུས་རང་བཞིན་ཅན་གྱི་སྟེགས་བུ་ཞིག་ཀྱང་ཡིན་པས། ལྟད་མོ་བ་ལྷན་རྒྱས་ཀྱིས་སྤྱིར་བིས་མདོ་ཞང་གི་སྤྱི་ཚོགས་འཆམ་མཐུན་དང་། སྤྱི་ཚོགས་བདེ་འཇགས། སྒོས་སུ་རང་སྡེ་བའི་མཚན་སྙན་སྲུང་བའི་ཕྱིར་དུ། མཐུན་སྒྲིལ་གསེར་གྱི་ཟམ་འོག་ནས་མཛའ་བརྩེ་འོ་མའི་ཆུ་རྒྱུན་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེ་ལ། ལུས་རྩལ་པ་རྣམས་ཀྱིས་མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པའི་རྩ་དོན་དམིགས་སུ་བཟུང་སྟེ། ཆུ་ཚད་འགྲན་པ་དང་ཁྱད་ཆོས་འགྲན་པ། མཛའ་བརྩེ་འགྲན་པའི་དུས་རབས་རང་བཞིན་གྱི་ལུས་རྩལ་དགོངས་དོན་དར་སྤེལ་བྱེད་པ་དང་། ཤན་འབྱེད་པ་རྣམས་ཀྱིས་འདྲ་མཉམ་དང་བདེན་དོན། མངོན་གསལ་གྱི་རྩ་དོན་དམིགས་སུ་བཟུང་ནས་ཤན་འབྱེད་པ་དང་།  སྡེ་བའི་ཁ་མགོ་བ་དང་ལས་སྒྲུབ་མི་སྣ་ཀུན་གྱིས་ཀྱང་རྩ་འཛུགས་གང་ལེགས་དང་ཞབས་ཕྱི་གང་བཟང་། ལས་གནས་དམ་སྲུང་གིས་སྐབས་འདིའི་ལྒང་ལི་འགྲན་སྡུར་བདེ་ལེགས་ངང་མཇུག་སྒྲིལ་བར་རང་ནུས་གང་ཡོད་བཏོན་ཏེ།  བིས་མདོ་ཞང་གི་མ་འོངས་པའི་ལྒང་ལི་འགྲན་སྡུར་བདེ་ཐང་ཅན་དང་འཆམ་མཐུན་ཅན། དཔལ་ཡོན་ཅན་བཅས་གྱི་ཕྱོགས་སུ་བགྲོད་པར་བརྩོན་ལེན་བྱེད་ཀི་ཡོད།
ཞོན་ཧྭ་རྫོང་བིས་མདོ་བོད་རིགས་ཞང་གི་སྐབས་བཅོ་བརྒྱད་པའི་མཐུན་སྒྲིལ་བུམ་པ་རྟགས་མའི་ལྒང་ལི་འགྲན་སྡུར་ནི་རིག་གནས་ཀྱི་དོན་སྙིང་དང་། ལོ་རྒྱུས་ཀྱི་དགེ་མཚན་ལྡན་པར་མ་ཟད། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། རྒྱལ་དམངས་བདེ་སྐྱིད་ཀྱི་ཉིང་དགོས་སུ་གྱུར་ཡོད་པས་རྒྱ་ཆེ་མང་ཚོགས་ཀྱིས་ཀྱང་རེ་བ་དང་ཡིད་ཆེས་བརྟན་པོ་བཅངས་ཡོད་ལ། མང་ཚོགས་རེ་རེའི་ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ལས་འཁྲུངས་བའི་རིག་རྩལ་འཁྲབ་སྟོན་གྱི་ཡོ་ལངས་ཤིག་རྣམ་པར་རྒྱས་ཡོད། 
微信图片_20180225094148.jpg
ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆིང་བ།
微信图片_20180225094155.jpg
རླབས་ཆེ་བའི་རྒྱལ་གཅེས་ཆོས་གཅེས་པའི་གཙོ་འཛིན་པཎ་ཆེན་སྐུ་ཕྲེང་བཅུ་བ།
微信图片_20180225094124.jpg
འཛམ་གླིང་ཅི་ཉི་སིའི་ཟོན་ཐོ་བསྐྲུན་པའི་ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ།
微信图片_20180225094135.jpg
འཛམ་གླིང་ཅི་ཉི་སིའི་ཟོན་ཐོ་བསྐྲུན་པའི་བཀྲ་ཤིས་སྒོ་མང་མཆོད་རྟེན།
微信图片_20180225094142.jpg
ལྒང་ལི་འགྲན་སྡུར་གྱི་མཛད་སྒོར་ཞུགས་པའི་འབྲེལ་ཡོད་མགོ་ཁྲིད་ལྷན་རྒྱས།
微信图片_20180225094500.jpg
བིས་མདོ་བོད་རིགས་ཞང་གི་ཞང་ཀྲང་རྡོ་བྷས་ཐོག་མའི་ཤིས་ཚིག་འབུལ་བཞིན་པ།
微信图片_20180225094646.jpg
བོད་རྒྱ་དབྱིན་གསུམ་གྱི་སྐད་ཆའི་སྨྲར་དག་པའི་མདོ་འཛིན་པ་ལྷན་རྒྱས།
微信图片_20180225094634.jpg
བཀྲ་ཤིས་དུས་ཀྱི་རྟེན་འབྲེལ། སྙན་མོ་ངག་གིས་བསྟོད་པ།
微信图片_20180225094640.jpg
ཕ་ཡུལ་ལུང་པའི་ངོ་སོ། དབྱངས་ཀྱི་མཆོད་པས་བསྟོད་པ།
微信图片_20180225101915.jpg
དགེ་ལེགས་དཔལ་གྱི་དུས་སྟོན།  སྨོན་འདུན་སྟོང་གིས་བསུས་ཡོང་། 
微信图片_20180225094628.jpg
 བཀྲ་ཤིས་དབྱངས་ཀྱི་འགྱུར་ཁུག ཡུལ་མིའི་སྙན་དུ་སྒྲོན་ཡོད།
微信图片_20180225093849.jpg
རང་རང་སེམས་ཀྱི་འདུན་མ། ཕ་ཡུལ་ཕྱོགས་སུ་འཁོར་ཡོད།
微信图片_20180225093858.jpg
ལེགས་ཚོགས་དུས་ཀྱི་དགའ་སྟོན། མིག་གི་དཔལ་དུ་ཤར་ཡོང་། 
微信图片_20180225094521.jpg
 ལྒང་ལི་འགྲན་སྡུར་གྱི་ཡུལ་དངོས།
微信图片_20180225094546.jpg
ལྒང་ལི་འགྲན་སྡུར་གྱི་ཡུལ་དངོས།
 微信图片_20180225105406.jpg
གསར་འགོད་པས་ཞང་ཀྲང་རྡོ་བྷ་ལ་ལྒང་ལི་འགྲན་སྡུར་གྱི་གནས་ཚུལ་སྐོར་ནས་བཅར་འདྲི་བྱེད་བཞིན་པ།
གསར་འགོད་པ། དབྱངས་ཅན། རྟ་མགྲིན་སྐྱབས།
རྩོམ་སྒྲིག་འགན་ཁུར་བ། དབྱངས་ཅན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།