སངས་རྒྱས་འབུམ་གྱི་མི་རིགས་རིག་གནས་བརྗེ་རེས་དང་འགྲེམ་སྟོན་དེ་མཉམ་འབྲེལ་རྒྱལ་ཚོགས་སུ་བསྐྱོད།
2018.02.25 ཁུངས། ཀློག་གྲངས། 5

སྐབས་བརྒྱད་པའི་འཛམ་གླིང་བྱིས་པའི་ཞི་བདེ་ལ་རེ་འབོད་བྱེད་པའི་ཞི་བདེའི་དར་ཆ་ཞེས་པའི་མུ་འབྲེལ་བྱ་འགུལ་དེ་ཟླ་གཉིས་པའི་ཚེས་དགུ་ཉིན་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས། རྒྱལ་ཁབ་མི་རིགས་པར་རིས་སློབ་གླིང་ཐང་ག་སྒྱུ་རྩལ་ཞིབ་འཇུག་གླིང་གི་ལག་བསྟར་གླིང་གཙོ་སངས་རྒྱས་འབུམ་གྱི་བྱ་བའི་གྲུབ་འབྲས་འབུར་དུ་ཐོན་པའི་བྱས་རྗེས་ལ་གཟེངས་བསྟོད་བྱས། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་མི་དམངས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལྕམ་མོ་ཁ་ཚི་ཨན་གྱིས་ཞི་བདེའི་རིག་གནས་ཕོ་ཉའི་བྱས་རྗེས་གཟེངས་རྟགས་གནང་ཞིང་། འཛམ་གླིང་ཞི་བདེའི་རིག་གནས་ཕོ་ཉ་ཡི་གཟེངས་བསྟོད་ཀྱི་གཟི་བརྗིད་མཚན་སྙན་གནང་།

 བྱ་འགུལ་གྱི་ཡུལ་དངོས་སུ་སངས་རྒྱས་འབུམ་གྱིས་ཞི་བདེ་དང་བཀྲ་ཤིས་བརྗོད་དོན་ཡིན་པའི་བོད་ཡིག་ཡིག་གཟུགས་ཕྱག་བྲིས་གནང་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨན་ཁ་ཚི་ཡིས་གདེང་འཇོག་དང་དྲིན་གཟོ་ཡི་སེམས་པ་བསྟན། 

རྒྱུས་ལོན་བྱུང་བ་ལྟར་ན། སངས་རྒྱས་འབུམ་གྱིས་རེབ་གོང་ས་ཁུལ་གྱི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་དགེ་རྒན་རྒྱ་མཚོའི་གམ་དུ་ཐང་ག་སྒྱུ་རྩལ་གྱི་རྨང་གཞིའི་གཞུང་ལུགས་ལ་དཀའ་སྤྱད་འབད་བརྩོན་གྱིས་ལོ་ངོ་བཅུ་ལྷག་ལ་སློབ་སྦྱོང་བྱས་ཤིང་། རེབ་གོང་སྲོལ་རྒྱུན་ཐང་གའི་ལག་རྩལ་གྱི་རྨང་གཞིའི་སྟེང་ལ། བོད་ཁུལ་གྱི་ལྷ་རིས་སྒྱུ་རྩལ་གཞན་དག་གི་ཁྱད་ཆོས་འདྲེས་པར་བྱས་ཤིང་། རང་གི་ཐུན་མོང་མ་ཡིན་པའི་ཐང་གའི་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་ཡོད་པས། ཐང་ག་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་ཚད་མཐོ་བའི་སྒྱུ་རྩལ་གྱི་ཆུ་ཚད་ལ་སླེབས་ནས་འཛམ་གླིང་ན་ཁས་ལེན་ཐོབ་ཡོད་ལ། ཁོང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལྷ་རིས་སྒྱུ་རྩལ་པ་དང་། རྒྱལ་ཁབ་ལས་རིགས་ལག་རྩལ་དཔྱད་འདེམས་པ། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་བཟོ་རིག་སྒྱུ་རྩལ་གྱི་དགེ་རྒན་ཆེན་མོ་བཅས་ཀྱི་མཚན་སྙན་ཐོབ་ཡོད།

ཁོང་གི་ཐང་གའི་བརྩམས་ཆོས་ལས་མི་སྣའི་སྣང་བརྙན་ལ་གསོན་ཤུགས་དོད་ཅིང་། ལག་རྩལ་འབུར་ཐོན་ཡིན་པ། སྒྱུ་རྩལ་གསོག་ཉར་གྱི་རིན་ཐང་ལྡན་པ་སོགས་ཀྱི་ངོས་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་རྣམས་ཀྱིས་གདེང་འཇོག་དང་དགའ་བསུ་ཆེན་པོ་ཐོབ་ཡོད།

རྒྱལ་ཁབ་མི་རིགས་པར་རིས་སློབ་གླིང་གི་ཐང་ག་ཞིབ་འཇུག་གླིང་གི་ལག་བསྟར་གླིང་གཙོ་ཡིན་པའི་ཆ་ནས། སངས་རྒྱས་འབུམ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ཡིན་ཞེས་པའི་མཛེས་རྩལ་གསར་སྐྲུན་བྱ་འགུལ་ཁྲོད་དུ་ཧུར་ཐག་གིས་ཞུགས་ཤིང་། རྒྱལ་གཅེས་རིང་ལུགས་བརྗོད་གཞི་ཡིན་པའི་ཐང་ག་ཆེན་མོ་《དུས་རབས་ཤིག་གི་དགེ་བའི་བཤེས་གཉེན། པན་ཆེན་སྐུ་ཕྲེང་བཅུ་བ》ཞེས་པ་རྩ་འཛུགས་ཡོད་པའི་སྒོ་ནས་གསར་བཞེངས་བྱས། སྐབས་དེའི་མཚོ་སྔོན་ཞིང་ཆེན་གྱི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཅི་ཏེ་མ་ཅ་ཡིས་ཐང་ག་གསར་སྐྲུན་གྱི་སྤྱིའི་བློ་འདོན་པའི་འགན་འཁུར་ཞིང་། ཁོང་གིས་ཐང་ག་དེ་ལ་ཆབ་སྲིད་ཀྱི་དོན་སྙིང་དང་རིག་གནས་ཀྱི་དོན་སྙིང་སོགས་ཕྱོགས་གང་ཅིའི་ཐད་གདེང་འཇོག་དང་ཁས་ལེན་གང་ལེགས་བྱས་ལ། ཉེ་བའི་ལོ་འགའི་རིང་གི་ཐང་ག་སྒྱུ་རྩལ་གྱི་གསར་སྐྲུན་ཕྱོགས་ནས་གྲབ་འབྲས་ཆེན་པོ་ཞིག་ཏུ་སེམས་ནས། ཁོང་ལ་རྒྱབ་སྐྱོར་དང་རོགས་སྐྱོར་གང་མང་བྱས།

སངས་རྒྱས་འབུམ་གྱི་ཐང་ག་འདིས་ཀྲུང་གོའི་ཕུགས་འདུན་བརྗོད་དོན་བྱས་ཤིང་། ཁྱད་དུ་མཚར་བའི་གཏམ་རྒྱུད་དང་། གསོན་ཤུགས་ཀྱི་ཁེངས་པའི་སྐད་ཆ། འཕྱོར་སྒེག་གི་སྣང་བརྙན་བཅས་ལ་བརྟེན་ནས། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་མཐོ་རུ་བཏེགས་ནས། རྒྱལ་གཅེས་རིང་ལུགས་ཀྱི་གླུ་སྐད་སྙན་མོ་དེ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ཡིན་པའི་རླབས་ཆེ་བའི་ཕུགས་འདུན་ལ་བརྒྱུས་ནས། མི་རིགས་རིག་གནས་བརྗེ་རེས་དང་མི་རིགས་རིག་གནས་འགྲེམ་སྟོན་ཕྱོགས་ནས་བྱས་རྗེས་མི་དམན་པ་བཞག་ཡོད།

733683858516590081.jpg
རྒྱལ་ཁབ་མི་རིགས་པར་རིས་སློབ་གླིང་ཐང་ག་ཞིབ་འཇུག་གླིང་གི་ལག་བསྟར་གླིང་གཙོ་སངས་རྒྱས་འབུམ།

446633321945030178.jpg
འཛམ་གླིང་ཞི་བདེའི་རིག་གནས་ཕོ་ཉ་ཡི་བྱ་དགའ་གནང་བཞིན་པའི་ཡུལ་དངོས་པར་རིས།

757354811534488258.jpg
ཁོས་ཡུལ་དངོས་ནས་ཕྱག་བསྟར་གནང་པའི་ཡིག་གཟུགས།
559742894239931985.jpg
བྱ་དགའི་རྟགས་མ།

45968451076414214.jpg
མཉམ་འབྲེལ་རྒྱལ་ཚོགས་ནས་ཁོ་ལ་བསྩལ་བའི་གཟི་བརྗིད་མཚན་སྙན།

627378967243290355.jpg
མཉམ་པར།