གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་སྒྲིག་ཆས་གསར་བ་ཁ་སྣོན་བྱས།
2018.02.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 5

ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འགྲིམ་འགྲུལ་ཡོ་བྱད་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྟེར་བ་དང་། འཁོར་སྐར་བརྡ་འཕྲིན་མ་ལག་གི་སྒོ་འབྱེད་པའི་མཛད་སྒོའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སྤྱི་གླིང་ཁུལ་སོ་སོའི་སྐྱེ་ཁམས་བདག་གཉེར་པ་རྣམས་ལ་འཕྲུལ་རྟ་དྲུག་བརྒྱ་བྱིན་པ་དང་། ཀྲུང་གོ་ལྗང་མདོག་ཐེབས་རྩ་ཚོགས་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་རིན་གོང་སྒོར་འབུམ་བཞི་ལྷག་གི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་བྱིན། ཀྲུང་གོ་མཁའ་འགྲུལ་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཞིབ་འཇུག་གླིང་ཨང་རྟགས་ལྔ་བས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ནང་དུ་འཁོར་སྐར་བརྡ་འཕྲིན་མ་ལག་གི་སྒོ་ཕྱེས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཀྱི་ཚོད་ལྟའི་ལྟེ་གནས་ཡིན་པའི་ཆ་ནས། ཉམས་མྱོང་གསོག་འཇོག་གི་འགན་འཁུར་ཡོད་ལ། དཔེར་སྟོན་འདོན་སྤྲོད་ཀྱི་ལས་འགན་གལ་ཆེན་ལྡན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་ཆས་འཛུགས་སྐྲུན་ལ་མཁོ་བའི་འགྲིམ་འགྲུལ་ཡོ་བྱད་དང་། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སྒྲིག་ཆས། འཁོར་སྐར་བརྡ་འཕྲིན་མ་ལག་སོགས་ནི་ལས་འགན་བདེ་ལེགས་ཡོང་བའི་རྩ་བའི་འགན་ལེན་ཡིན།

ཐེངས་འདིའི་སྒྲིག་ཆས་དང་མ་ལག་གི་སྒོ་འབྱེད་གསར་སྤེལ་བྱས་པ་ལས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཉིན་རྒྱུན་གྱི་དོ་དམ་དང་། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་བསྐོར་ཞིབ་བྱ་བའི་ལས་ཆོད་མཐོར་འདེགས་སུ་བཏང་ནས། སྤྱི་བའི་ཞབས་ཞབས་ཞུའི་ཆུ་ཚད་ལེགས་སྒྱུར་བྱས།