མིག་སྔར། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་བྱ་བའི་གྲོས་ཚོགས་སྟེང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཐོག་དང་པོར་ཞིང་བ་ཞོར་ལས་པའི་གླ་ཕོགས་འགན་སྲུང་མ་དངུལ་སྤྲོད་ཚད་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་དཔྱད་ཞིབ་དམིགས་འབེན་ཁྲོད་བཞག་པར་མ་ཟད། གྲོང་ཁྱེར་དང་ཁུལ་སོ་སོའི་བར་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད་ནས་ཞིང་བ་ཞོར་ལས་པའི་གླ་ཕོགས་དུས་འགྱངས་ཆད་ལུས་བྱེད་པ་རྩ་བ་ནས་ཐག་གཅོད་བྱེད་པར་རྨང་གཞི་བརྟན་པོ་བཏིངས།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་གཙོར་བཟུང་བ་དང་ཞིང་བ་ཞོར་ལས་པའི་གླ་ཕོགས་འགན་སྲུང་མ་དངུལ་ཚད་ལྡན་དུ་གཏོང་བ་དེ་ཞིང་བ་ཞོར་ལས་གླ་ཕོགས་དུས་འགྱངས་ཆད་ལུས་བྱེད་པའི་གནད་དོན་ཁྱོན་ཡོངས་ནས་དག་ཐེར་བཅོས་སྐྱོང་བྱེད་པའི་ནུས་ཡོད་བྱེད་ཐབས་སུ་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས། ཉིས་སྟོང་བཅུ་བདུན་ལོར། ཞིང་ཆེན་ཡོངས་ཀྱི་ཞིང་བ་ཞོར་ལས་པའི་གླ་ཕོགས་འགན་སྲུང་མ་དངུལ་སྒོར་དུང་ཕྱུར་བདུན་དང་ཕྱེ་བ་གཉིས་སྤྲད་པ་དང་ཞིང་བ་ཞོར་ལས་པའི་གླ་ཕོགས་འགན་སྲུང་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་ས་ཡ་བརྒྱད་ཕྱིར་བྱིན་ལ། དེ་ཁེ་ལས་སྟོང་གསུམ་དང་དྲུག་བརྒྱ་གྱ་བརྒྱད་དང་འབྲེལ་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་ཞིང་བ་ཞོར་ལས་པའི་གླ་ཕོགས་འགན་སྲུང་མ་དངུལ་སྤྲོད་པའི་བྱ་བ་གཞི་རྩིས་སྟེང་ནང་རྐྱེན་འཐུས་ཚང་དང་ཁྲིམས་འཛིན་ཞིབ་བཤེར་རྒྱུན་རྣམ་ཅན། མ་དངུལ་དོ་དམ་ཞིབ་ཚགས་ཅན་དུ་གྲུབ་པར་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར་ཞིང་བ་ཞོར་ལས་པའི་གླ་ཕོགས་འགན་སྲུང་མ་དངུལ་སྤྲོད་པའི་ལམ་ལུགས་བཙུགས་ཏེ་གླ་ཕོགས་འགན་སྲུང་མ་དངུལ་སྤྲོད་པ་སོགས་ཀྱི་ཐད་གཏན་ཁེལ་གསལ་བོ་བྱས་ཡོད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་སྡོད་ཁང་འཛུགས་སྐྲུན་པུའུ། བཟོ་ཚོགས་སོགས་སྡེ་ཁག་རྩ་འཛུགས་བྱས་ཏེ་མཉམ་འབྲེལ་སྒོས་བྱ་བའི་ཚན་ཆུང་བཙུགས་ནས་ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་ལུས་བྱས་པའི་བྱ་བར་ཞིབ་བཤེར་བྱེད་པ་དང་ཟུང་འབྲེལ་བྱས་ནས་ཞིང་བ་ཞོར་ལས་པའི་གླ་ཕོགས་འགན་སྲུང་མ་དངུལ་སྤྲོད་པའི་གནས་ཚུལ་དང་ཞིབ་བཤེར་ཆོག་མཆན་གོ་རིམ་སོགས་ལ་རྟོག་ཞིབ་བྱས་པ་དང་རྙེད་པའི་གནད་དོན་ལ་དུས་ཐོག་ཏུ་དག་ཐེར་བཅོས་སྐྱོང་བྱས།