ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་སྤུས་མཐོ་ཅན་གྱི་མཐོ་སྒང་གི་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་རྒྱུ་རེད།
2018.03.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ2པའི་ཚེས27ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུན་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་ཞིང་སྡེའི་སྤུས་ཚད་མཐོར་འདེགས་བྱས་ནས་སྤུས་མཐོ་ཅན་གྱི་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སྡོད་ཁང་འཛུགས་སྐྲུན་པུའུ་ཡི་ཁོར་ཡུག་རྟོག་ཞིབ་ཆ་འཕྲིན་མ་ལག་བཀོལ་སྤྱོད་གང་ལེགས་བྱས་པ་དང་། ས་ཁུལ་སོ་སོ་རྩ་འཛུགས་བྱས་ཏེ་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་གི་ད་ལྟའི་གནས་བབས་ལ་ཡོངས་ཁྱབ་ཞིབ་བཤེར་དང་བརྟག་དཔྱད་བྱས་ཏེ་ཆེད་དོན་ཞིབ་འཇུག་སྤེལ་ཞིང་། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་སྒྱུར་དང་འབྲེལ་བའི་དཀའ་གནད་སེལ་བ་མ་ཟད། རོང་འབྲོག་ཁུལ་གྱི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་། སྡེ་བའི་རྣམ་པ་མཐོར་འདེགས་བྱེད་པ་གཙོ་གནད་དུ་བཟུང་ནས། 《མཚོ་སྔོན་ཞིང་ཆེན་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ལོ་ངོ་གསུམ་གྱི་ཇུས་གཞི》ཞིབ་འཇུག་གཏན་འབེབས་བཟོས་ཤིང་། མཐོ་སྒང་གི་མཛེས་པའི་ཞིང་སྡེའི་ཕྱོགས་སྟོན་ཚད་གཞི་ཞིབ་འཇུག་གཏན་འབེབས་བྱས་ཏེ་ཁྱབ་གདལ་གཏོང་ཆོག་པའི་མཐོ་སྒང་གི་མཛེས་པའི་ཞིང་སྡེའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱས། དེ་ལས་གཞན་རོང་འབྲོག་ཁྱིམ་ཚང་ཁྲི་དྲུག་གི་ཉེན་ཁང་སྒྱུར་བཀོད་འགན་འཁྲི་ལག་བསྟར་བྱས་པར་མ་ཟད། རྫོང་རིམ་པའི་སྲིད་གཞུང་གིས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་རིམ་པ་བགོས་ནས་ལག་བསྟར་བྱེད་པའི་བྱེད་ཐབས་སྤྱད་དེ་དབུལ་ཕོངས་ཁྱིམ་ཚང་གི་ཁ་གསབ་རོགས་སྐྱོབ་ཚད་གཞི་ཇེ་མཐོར་བཏང་ལ། གནད་འཁེལ་དབུལ་སྐྱོར་དང་ཟུང་འབྲེལ་བྱས་ནས་སྡོད་ཁང་འཛུགས་སྐྲུན་ནུས་པ་མེད་པའི་དམིགས་བསལ་དཀའ་ཁག་ཁྱིམ་ཚང་གི་ཉེན་ཁང་སྒྱུར་བཀོད་གནད་དོན་ཐག་གཅོད་བྱས།