ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཧུར་ཐག་གིས་བརྩོན་ལེན་བྱས་འོག ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་འགོག་སྲུང་ནགས་ཚལ་བཟོ་སྐྲུན་གཙོ་བོའི་ཐད་ཀྲུང་དབྱང་གི་སྔོན་རྩིས་ནང་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་ལྔ་བཏང་བ་དང་། དུས་མཉམ་ལས་བརྒྱ་ཆའི་ང་བཞི་འཕར་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དངུལ་གཏོང་འཆར་གཞིའི་ཁྲོད་མིས་བཟོས་སྡོང་རིང་སྤྱི་ཆིང་ཁྲི་གཅིག་དང་སྟོང་བརྒྱད་ལྷག་དང་སྡོང་ཕྲན་སྤྱི་ཆིང་སྟོང་དྲུག་ལྷག རི་བཀག་ནགས་གསོ་སྤྱི་ཆིང་ཁྲི་གཅིག་དང་སྟོང་བཞི་བཀོད་སྒྲིག་བྱས་ཡོད། བླང་བྱ་ལྟར་ན། ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་གིས་ཁུལ་ཁོངས་གཙོ་བོ་གཅིག་བསྡུས་བྱས་ཡོད་པ་དང་། དེའི་ཁྲོད་ཙོང་ཆུའི་གཞི་ཁྱོན་ཅན་གྱི་ནགས་ར་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་བསྟན་དོན། ཞིང་ཆེན་ནགས་ལས་ཐིན་དང་མཉམ་དུ་དུས་ཚོད་དམ་འཛིན་སྒོས་རྒྱལ་ཁབ་ཀྱི་དངུལ་གཏོང་འཆར་གཞི་བཟོ་བ་དང་འབྲེལ་ཡོད་སྡེ་ཁག་གིས་ཐོག་མའི་འཆར་འགོད་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་སྤེལ་བྱས་ནས་མགྱོགས་མྱུར་སྒོས་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་བཟོ་སྐྲུན་སྔ་མོ་ནས་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།