ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བཟོ་སྐྲུན་ཐད་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་འབུམ་དགུ་བཏང་སྟེ་མི་འདང་ས་ཁ་གསབ་བྱས་ནས་དེང་རབས་སློབ་གསོའི་མ་ལག་མགྱོགས་མྱུར་སྒོས་འཐུས་ཚང་དུ་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་མཚོ་སྔོན་ཞིང་ཆེན་གྱི་འོས་འགན་སློབ་གསོའི་སློབ་གྲྭ་ང་བཞི་དང་མཐོ་འབྲིང་བཞི། མཐོ་རིམ་ལས་རིགས་སློབ་གླིང་གཅིག་བཅས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་འབུམ་གསུམ་དང་ཁྲི་བརྒྱད་ལྷག་ཡོད། ཐེངས་འདིའི་ལས་གཞི་ལག་བསྟར་བྱས་པ་དེས། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་དག་གི་སློབ་སྒྲུབ་ཆ་རྐྱེན་སྔར་ལས་ལེགས་བཅོས་བྱེད་ཐུབ་པ་དང་གཞི་རྩའི་སྤྱི་བའི་སློབ་གསོ་དོ་མཉམ་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱེད་ཐུབ་ལ། སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་བཏང་སྟེ་མགྱོགས་མྱུར་སྒོས་དེང་རབས་ཅན་གྱི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ནུས་ཡོད་འགན་སྲུང་འདོན་སྤྲོད་བྱེད་ཐུབ།
མིག་སྔར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དུས་ཚོད་དམ་འཛིན་སྒོས་རྒྱལ་ཁབ་དངུལ་གཏོང་འཆར་གཞི་བཟོ་བཞིན་ཡོད་པར་མ་ཟད། ལས་གཞིའི་ས་ཁུལ་གྱིས་དུས་ཚོད་དམ་འཛིན་སྒོས་དུས་སྐབས་སྔོན་མའི་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་འདེད་བཏང་ནས་ལས་གཞི་སྔ་མོ་ནས་ལེགས་འགྲུབ་ཡོང་བ་དང་དངུལ་གཏོང་ཕན་ནུས་འདོན་པར་འགན་སྲུང་བྱེད་བཞིན་ཡོད།