གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་མང་ཚོགས་ཁྲི་དྲུག་གི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་ལས་འགན་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རྫོང་སོ་ལྔའི་གད་སྙིགས་ཆེད་དམིགས་བཅོས་སྐྱོང་བྱེད་པའི་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བྱ་བ་ཡོངས་འགྲུབ་བྱེད་རྒྱུའི་འཆར་གཞི་བཟོས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། རོང་འབྲོག་མང་ཚོགས་ཀྱི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་ལས་འགན་དེ་ལས་འགན་ཇེ་ཉུང་དུ་མི་གཏོང་བ་དང་རོགས་སྐྱོར་མ་དངུལ་ཐོད་བརྒལ་མི་བྱེད་པའི་རྩ་དོན་ལྟར། རྫོང་རིམ་པའི་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཡིག་ཚགས་བགར་ནས་ལག་བསྟར་བྱེད་པའི་བྱེད་ཐབས་བརྒྱུད་དེ་དབུལ་ཕོངས་མང་ཚོགས་ཀྱི་ཆ་སྙོམས་རོགས་སྐྱོར་ཚད་གཞི་མཐོར་འདེགས་གཏོང་རྒྱུ་ཡིན་པར་མ་ཟད། གནད་ཕིགས་དབུལ་སྐྱོར་ལ་བརྟེན་ནས་ཁང་བ་འཛུགས་སྐྲུན་བྱེད་པའི་ནུས་པ་མེད་པའི་ཧ་ཅང་དབུལ་ཕོངས་ཡིན་པའི་ཁྱིམ་ཚང་གི་ཉེན་ཁང་བསྒྱུར་བཀོད་བྱེད་པའི་གནད་དོན་ཐག་གཅོད་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་བྱེད་རྒྱུ་རེད།
མཐོ་སྒང་གི་མཛེས་པའི་ཞང་སྡེ་རིམ་སྤོར་ཅན་འཛུགས་སྐྲུན་བྱེད་པ་དང་ཁྱོན་ཡོངས་ནས་ཞང་སྡེའི་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ཏེ། ཁ་ཐོར་གྱི་འཛུགས་སྐྲུན་ནས་ཁུལ་ཁོངས་གཅིག་ཏུ་འབྲེལ་བར་ཚུལ་སྒྱུར་བྱས་ཏེ་མཐོ་སྒང་གི་མཛེས་པའི་ཞང་སྡེའི་ཚད་གཞིར་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱེད་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་མཐོ་སྒང་གི་མཛེས་པའི་ཞང་སྡེའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་རྒྱུ་རེད། ཧུར་ཐག་གིས་རོང་འབྲོག་ཁུལ་གྱི་གད་སྙིགས་ཆེད་དམིགས་བཅོས་སྐྱོང་འགུལ་སྐྱོད་ལ་སྐུལ་འདེད་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་རྫོང་ཉེར་ལྔའི་གད་སྙིགས་ཆེད་དམིགས་བཅོས་སྐྱོང་བྱེད་པའི་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྡེ་བས་བསྡུ་རུབ་བྱེད་པ་དང་ཞང་གྲོང་གིས་སྐྱེལ་འདྲེལ་བྱེད་པ། རྫོང་གིས་ཐག་གཅོད་བྱེད་པའི་རོང་འབྲོག་ཁུལ་གྱི་གད་སྙིགས་བཅོས་སྐྱོང་ནང་རྐྱེན་སྲ་བརྟན་དུ་གཏོང་བ་དང་མཉམ་དུ་གད་སྙིགས་འཕོ་སར་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་འགུལ་སྤེལ་རྒྱུ་རེད།