2018ལོའི་རྩེ་ཁོག་རྫོང་གི་ལས་གཞི་དོ་དམ་བྱ་བ་དང་སྡོམ་རྩིས་བྱ་བའི་ཟབ་སྦྱོང་འཛིན་གྲྭ་དེ་ཟི་ལིང་དུ་བསྡུས།
2018.03.12 ཁུངས། རྩེ་ཁོག་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 6

ཟླ3པའི་ཚེས7ནས9ཉིན་བར། 2018ལོའི་རྩེ་ཁོག་རྫོང་གི་ལས་གཞི་དོ་དམ་བྱ་བ་དང་སྡོམ་རྩིས་བྱ་བའི་ཟབ་སྦྱོང་འཛིན་གྲྭ་དེ་གནའ་མཁར་ཟི་ལིང་དུ་བསྡུས།

རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་སོ་སོའི་འགོ་ཁྲིད་གཙོ་བོ་དང་རྐང་འཛིན་ལས་བྱེད་པ། རྫོང་ཐད་གཏོགས་ལས་ཁུངས་སོ་སོའི་འགན་འཛིན་པ་གཙོ་བོ་དང་རྐང་འཛིན་ལས་བྱེད་པ80ལྷག་ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭར་ཞུགས། རྫོང་དཔོན་ཀུན་འགྲུབ་ཚེ་རིང་དང་རྒྱུན་ལས་རྫོང་དཔོན་ཀྲའོ་ཅན་ཀའོ། རྫོང་དཔོན་གཞོན་པ་འབྲུག་བྱམས་རྒྱལ། དོན་བན་རོང་། སངས་རྒྱས་མཁར། ཞའེ་ཧོང་ཅིན། གསང་བདག་སོགས་ཟབ་སྦྱོང་འཛིན་གྲྭར་ཞུགས་ཏེ་སློབ་སྦྱོང་བྱས་པ་མ་ཟད། བྱ་བར་མཛུབ་སྟོན་གནང་།

རྩེ་ཁོག་རྫོང་གིས་ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་སྟེང་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་ཐིན། མཚོ་སྔོན་ཞིང་ཆེན་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སྐུལ་འདེད་ལྟེ་བ། ཞིང་ཆེན་བསྡོམས་རྩིས་ཅུའུ་སོགས་ཀྱི་འགོ་ཁྲིད་དང་ཆེད་མཁས་པ་བརྒྱད་གདན་འདྲེན་ཞུས་ཏེ། «དངུལ་གཏོང་ལས་གཞིའི་དོ་དམ་ལ་རྒྱུས་མངའ་ཡོད་པར་ངེས་དགོས་པའི་གནད་དོན»དང«ཀྲུང་དབྱང་སྔོན་རྩིས་ལ་གཏོགས་པའི་དངུལ་གཏོང་སྣ་འཛོམས་ལྟ་སྐུལ་དོ་དམ་དང་བཅོས་སྒྱུར»«གཞི་རྩའི་ལས་གཞི་འཛུགས་སྐྲུན་གྱི་གོ་རིམ་དང་དོ་དམ»«གཏན་འཇགས་རྒྱུ་ནོར་ལས་གཞིའི་སྡོམ་རྩིས»སོགས་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ། དུས་སྐབས་གསར་བའི་ལས་གཞི་འཛུགས་སྐྲུན་དང་དོ་དམ་སོགས་ལ་སྔར་ལས་ལྷག་པར་རྒྱུས་མངའ་དང་གསལ་ཆ་ཡོད་པར་བྱས།

ཐེངས་འདིའི་ཟབ་སྦྱོང་ལ་ཞུགས་མཁན་རྣམས་ཀྱིས་བལྟས་ན། ཟབ་སྦྱོང་འདི་ནི་ང་ཚོར་མཚོན་ན་ནང་དོན་ཆེས་ཟབ་པའི་སློབ་སྦྱོང་ཐེངས་ཤིག་དང་གོ་རྟོགས་ཐེངས་ཤིག་རེད། ཟབ་སྦྱོང་འདི་བརྒྱུད་ནས་ང་ཚོས་ལས་གཞི་འཛུགས་སྐྲུན་དང་དོ་དམ་སོགས་ཀྱི་རྨང་གཞི་ལ་གོ་བ་ངེས་ཅན་ཞིག་ཆགས་པར་མ་ཟད། ཕྱིན་ཆད་ཀྱི་བྱ་བའི་སྟེང་ལའང་སྟབས་བདེ་ཧ་ཅང་ཆེན་པོ་བསྐྲུན་ཡོད་ཟེར།

ཟབ་སྦྱོང་མཇུག་རྫོགས་ཁར་རྫོང་དཔོན་ཀུན་འགྲུབ་ཚེ་རིང་གིས་ནན་གྱིས་བསྟན་དོན། “གཅིག་ནས་མུ་མཐུད་དུ་སློབ་སྦྱོང་ལ་ཤུགས་སྣོན་བྱེད་པ་དང་། གཉིས་ནས་རང་སྟེང་གི་འཛུགས་སྐྲུན་སྣ་ཚོགས་དམ་འཛིན་བྱེད་དགོས། གསུམ་ནས་ཟབ་སྦྱོང་གི་བརྗོད་གཞིར་བསམ་བློ་གཏོང་བ་དང་ཞིབ་འཇུག་ལེགས་པོ་བྱེད་པ། ཟབ་སྦྱོང་གི་གྲུབ་འབྲས་དོན་དངོས་ཀྱི་བྱ་བའི་ཁྲོད་དུ་བཀོལ་སྤྱོད་བྱས་ནས། ལས་གཞིའི་དོ་དམ་བྱ་བའི་ནུས་པ་མཐོར་འདེགས་སུ་གཏོང་བར་སྔར་ལས་ལྷག་པར་འབད་བརྩོན་བྱེད་དགོས”ཟེར།

རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་ཀ་རོང་སྡེ་བས་བྲ་གསོད་བྱ་འགུལ་སྤེལ་ཏེ་རྩྭ་སར་སྲུང་སྐྱོབ་བཟང་པོ་བྱས།

གསར་འགོད་པ། ཁྱུང་ཐར་རྒྱལ། དོན་གྲུབ་རྒྱལ།