ཟླ3པའི་ཚེས7ཉིན་ནས་བཟུང་སྟེ། རྩེ་ཁོག་རྫོང་དམེ་ཤུལ་གྲོང་བརྡལ་ཀ་རོང་སྡེ་བར་ཕྱོགས་ཡོངས་ནས་བྲ་གསོད་བྱ་འགུལ་སྤེལ།
མིག་སྔའི་བར་ཏུ། ཀ་རོང་སྡེ་བས་ངལ་རྩོལ་པ་སུམ་བརྒྱ་ཉེར་བཞི་རྩ་འཛུགས་བྱས་ཏེ། རྩྭ་ས་མུའུ་ཁྲི་ཉེར་གསུམ་སྟེང་གི་ཨ་བྲ་བསད་པར་བསྡོམས་པས་འགོག་བཅོས་འཕྲུལ་འཁོར་ལྔ་བཅུ་ང་བཞི་བཀོལ་ལ་དུག་རྒྱུ་ཧའོ་ཧྲིན་ཁྲི་བཅུ་ལྷག་དང་། གཟན་རྩྭ་སྤྱི་རྒྱ་ཁྲི་གསུམ་སྟོང་བཞི་ལྔ་བརྒྱ་དང་།ལག་ཆ་སྣ་ཚོགས་དྲུག་བརྒྱ་ལྷག་བཀོལ་ཏེ་ཕྱོགས་ཡོངས་ནས་ཨ་བྲའི་གནོད་འཚེ་འགོག་བཅོས་བྱས་པས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ལ། རྩེ་ཁོག་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཡང་ཕན་འབྲས་ངེས་ཅན་བླངས།
དམེ་ཤུལ་གྲོང་རྡལ་གྱིས་ད་དུང་མུ་མཐུད་དུ་རྩྭ་ས་སྲུང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་འབད་བརྩོན་བྱེད་བཞིན་ཡོད།
གསར་འགོད་པ། ཁྱུང་ཐར་རྒྱལ། ལྷ་དཔལ།