མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་ཀྱི་ཤར་བགྲོད་བཟོ་སྐྲུན་ལ“ཕྱིརལྟ”བྱེད་རྒྱུ་རེད།
2018.03.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ3པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་དབུལ་སྐྱོར་དང་“ཞིང་སྡེའི་གཞུང་ལམ་ཡག་པོ་བཞིའི་”འཛུགས་སྐྲུན་བྱ་བའི་གྲོས་ཚོགས་བསྡུས་ཏེ། ད་ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་ཀྱི་ཤར་བགྲོད་བཟོ་སྐྲུན་ལ“ཕྱིར་ལྟ”བྱེད་རྒྱུ་ཡིན་ཞིང་། དབུལ་ཕོངས་ས་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྲུབ་འབྲས་སྲ་བརྟན་དང་འཐུས་ཚང་དུ་བཏང་ནས། དབུལ་ཕོངས་ས་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་འདེགས་སྐྱོར་སྣེ་ཁྲིད་ལེགས་པོ་བྱེད་རྒྱུ་རེད།

མིག་སྔའི་བར་དུ། མཚོ་སྔོན་གྱི་ཞིང་སྡེའི་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་ལྔ་དང་སྟོང་དགུ་ལ་སླེབས་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་གྲོང་བརྒྱ་ཆའི་གོ་བརྒྱད་དང་གྲངས་ཆུང་དྲུག་དང་། སྒྲིག་འཛུགས་སྡེ་བ་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་གཅིག་ལ་གཞུང་ལམ་ལས་ཡོད་པ་རེད། ཞང་གྲོང་དང་སྒྲིག་འཛུགས་སྡེ་བར་རླངས་འཁོར་ཐོན་ཐུབ་ཚད་བརྒྱ་ཆའི་བརྒྱ་དང་བརྒྱ་ཆའི་གྱ་བདུན་དང་གྲངས་ཆུང་གཅིག་གསུམ་ལ་སླེབས་ཡོད་པ་དང་། སྤྱི་ཐུན་ནོར་སྲིད་གཏོང་བ་གཙོ་བོ་ཡིན་པའི་ལམ་གསོའི་གྲོན་དངུལ་བརྒྱུད་ལམ་དང་སྲིད་ཇུས་མ་ལག་ཕལ་ཆེར་བཙུགས་ཟིན་པ་མ་ཟད། ཞིང་སྡེའི་གཞུང་ལམ་བདག་སྐྱོང་བྱེད་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད་པ་རེད།

འབྲེལ་ཡོད་བཀོད་སྒྲིག་ལྟར་ན། འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ས་ཁུལ་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་སྡེ་བའི་ཤོར་གཏོང་བཟོ་སྐྲུན་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་ཞིབ་བཤེར་ཐེངས་ཤིག་སྤེལ་དགོས་པའི་རེ་བ་བཏོན་ཞིང་། ཟླ3པའི་ཟླ་མཇུག་སྔོན་ལ་ཞིབ་བཤེར་དང་ཞིབ་དཔྱད། རེའུ་མིག་བཀོད་འབུལ་བྱ་བ་བཅས་ཡོངས་འགྲུབ་བྱེད་པ་དང་། ཟླ4པའི་ཟླ་མཇུག་གི་སྔོན་ལ་སྲུང་སྐྱོབ་དང་འཐུས་ཚང་དུ་གཏོང་དགོས་པའི་དབུལ་ཕོངས་སྡེ་བའི་གཞུང་ལམ་ལས་གཞིའི་དུས་སྐབས་སྔོན་མའི་བྱ་བ་ཡོངས་འགྲུབ་བྱེད་པ། ཟླ5བའི་ཟླ་མཇུག་གི་སྔོན་ལ་འཛུགས་སྐྲུན་ཁྱོན་ཡོངས་ནས་ལས་འགོ་རྩོམ་དགོས། དེ་དང་མཉམ་དུ། རྫོང་སོ་སོས་དབུལ་ཕོངས་རྫོང་གིས་ཞྭ་མོ་ཕུད་པ་དང་དབུལ་ཕོངས་སྡེ་བ་ལས་ཕྱིར་འབུད་པའི་དུས་ཚོད་ཀྱི་སྦྲེལ་མཚམས་ལ་ཟུང་སྦྲེལ་བྱས་ཏེ། ད་ལོའི་ཟླ10བའི་ཟླ་མཇུག་གི་སྔོན་ལ“དབུལ་ཕོངས་ཞྭ་མོ་ཕུད་པ་དང་དབུལ་ཕོངས་སྡེ་བ་ལས་ཕྱུར་འབུད་པའི”འཛུགས་སྐྲུན་འགན་ཁུར་ཡོངས་འགྲུབ་བྱེད་པ་དང་། 2019ལོའི་ཟླ10བའི་ཟླ་མཇུག་གི་སྔོན་ལ་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་སྡེ་བར“ཕྱིར་ལྟ”བྱེད་པའི་འགན་ཁུར་ཡོངས་འགྲུབ་བྱེད་རྒྱུ་རེད།