ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། རྒྱལ་སྤྱིའི་གསུམ་གཅིག་ལྔ་འཛད་སྤྱོད་པའི་ཁེ་དབང་ཉིན་མོ་ཐོན་ལ་ཉེ་བའི་སྐབས་དང་བསྟུན་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་། ཁུལ་འཛད་སྤྱོད་ཨུ་ཡོན་ལྷན་ཚོགས། གུང་ཧོ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། རྫོང་མཛད་སྤྱོད་ཨུ་ཡོན་ལྷན་ཚོགས་བཅས་ཀྱིས་གུང་ཧོ་རྫོང་མཚོ་སྔོན་པོའི་ཐང་ཆེན་ནས་མཉམ་སྦྲེལ་སྒོས་རྒྱལ་སྤྱིའི་གསུམ་གཅིག་ལྔའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས་འཛད་སྤྱོད་སྤུས་ལེགས་དང་མཛེས་སྡུག་གི་འཚོ་བ་བརྗོད་གཞི་བྱས་ནས། སྤྱི་ཚོགས་ཀྱི་ཟུར་སོ་སོའི་འབྲེལ་ཡོད་སྡེ་ཁག་ལ་སེམས་བདེ་བའི་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ཏེ། རྒྱ་ཆེའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས། བྱ་འགུལ་ཡུལ་དངོས་སུ་ཁུལ་གླུ་གར་ཚོགས་པས་འཁྲབ་སྟོན་གྱ་ནོམ་པ་བྱས་ཤིང་། དྲིལ་སྒྲོག་ལས་ཁུངས་སོ་སོས་མང་ཚོགས་རྣམས་ལ་ཐོན་རྫས་ཀྱི་དག་རྫུན་དབྱེ་འབྱེད་བྱེད་པའི་ཤེས་བྱ་ཁྱབ་བརྡལ་དུ་བཏང་པ་དང་། དུས་མཉམ་དུ་ཉིས་སྟོང་བཅུ་བདུན་ལོའི་དཔལ་ཡོན་ཡིད་རྟོན་གྱི་ཚོང་གཉེར་སྡེ་ཁག་ལ་གཟེངས་བསྟོད་བྱ་དགའ་བསྩལ་ནས། དྲིལ་སྒྲོག་གི་མཁའ་དབུགས་ཕུན་སུམ་ཚོགས་པ་ཞིག་བསྐྲུན།