མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཆུའི་ཐོན་ཁུངས་དོ་དམ་བྱ་བ་ཆུ་ཚད་བཟང་བོ་ཞིག་ཏུ་སླེབས་ཡོད།
2018.03.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅུ་བདུན་ལོར་ལག་བསྟར་བྱས་པའི་ཆེས་གཟབ་ནན་གྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་དཔྱད་ཞིབ་བྱ་བ་ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་དཔྱད་ཞིབ་བྱ་བ་ཡོངས་འགྲུབ་བྱས་པའི་ཕུང་བྱུང་གྲོང་ཁྱེར་དང་ཁུལ་དུ་དཔྱད་བསྡུར་གཏན་འབེབས་བྱས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཁང་གིས་དཔར་ནས་བཀྲམ་པའི་དཔྱད་ཞིབ་བརྡ་ཁྱབ་ལྟར་ན། ཉིས་སྟོང་བཅུ་བདུན་ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཆུའི་ཐོན་ཁུངས་དོ་དམ་བྱེད་པའི་ལོ་གཅིག་གི་ཚོད་འཛིན་དམིགས་ཚད་ཡོངས་འགྲུབ་བྱས་ཡོད། ལམ་ལུགས་འཛུགས་པ་དང་བྱེད་ཐབས་དོན་འཁྱོལ་བྱས་པའི་ཐད་ནས་བལྟས་ན། གྲོང་ཁྱེར་དང་ཁུལ་སོ་སོས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཆུའི་ཐོན་ཁུངས་དོ་དམ་ཐད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་བྱས་པ་ཅུང་བཟང་བ་དང་། གྲོང་ཁྱེར་དང་ཁུལ་ཁ་ཤས་ཀྱིས་ས་གནས་རང་གི་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཕྱིར་བཏོན་སྟེ་ཆེས་གཟབ་ནན་གྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་སྒྲོམ་གཞིའི་མ་ལག་འཐུས་ཚང་དུ་བཏང་བ་དང་ཆུ་ཐོན་ཁུངས་སྲུང་སྐྱོབ་བྱ་བ་ཇེ་དྲག་ཏུ་བཏང་ལ། ཆུའི་ཐོན་ཁུངས་དོ་དམ་བྱ་བའི་ཆུ་ཚད་ལོ་སྔོན་མ་དག་དང་བསྡུར་ན་ཅུང་མཐོར་འདེགས་བྱུང་ཡོད།

ད་ལོར། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱིས་སྔར་ལས་ལྷག་པའི་སྒོ་ནས་བཙོག་ཆུ་གཙང་སེལ་བྱེད་སའི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་བསྣན་ཏེ་གྲོན་ཆུང་གིས་ཆུ་བཀོལ་བའི་དོ་དམ་ལམ་ལུགས་གཟབ་ནན་དུ་གཏོང་བ་དང་། ཆུའི་ཐོན་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་ཡང་བསྐྱར་བཀོལ་ཆོག་ཆུའི་བེད་སྤྱོད་སྒྲིག་ཆས་འཛུགས་སྐྲུན་ཤུགས་ཚད་ཆེ་རུ་གཏོང་བ། ཆུའི་ཐོན་ཁུངས་དོ་དམ་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་པ། ཆུའི་ཐོན་ཁུངས་དོ་དམ་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།