2018ལོའི་བོད་མཁར་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་དང་པོ་རྐང་ཚ་ནས་བསྡུས།
2018.03.21 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 10

 2018ལོའི་བོད་མཁར་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་དང་པོ་དེ་ཟླ་3པའི་ཚེས20ཉིན་མཚོ་བྱང་ཁུལ་བོད་མཁར་རྐང་ཚ་ནས་གཟབ་རྒྱས་ངང་བསྡུས།

ཐེངས་འདིའི་འགྲན་ཚོགས་ནི་རྐང་ཚ་རྫོང་དྲིལ་སྒྲོག་པུའུ་དང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། རྐང་ཚ་རྫོང་གི་རྩོམ་པ་པོ་དང་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་མཐུན་ཚོགས་ཀྱིས་རོགས་སྒྲུབ་གནང་སྟེ་བསྡུས་པ་ཞིག་ཡིན།
ཐེངས་འདིའི་བོད་མཁར་སྙན་ངག་འགྲན་སྡུར་ནི་རྐང་ཚ་ལ་མཚོན་ན་ཆེས་ཐོག་མའི་སྙན་ངག་འགྲན་སྡུར་གྱི་བྱ་འགུལ་ཞིག་ཏུ་ཆགས་ཡོད་པས། སྙན་ངག་གྱེར་འདོན་ལ་དགའ་མོས་ཡོད་པའི་འགྲན་ཞུགས་པ་མང་པོ་ཞིག་མ་སྐུལ་དང་བླངས་སྒོས་འགྲན་སྡུར་ནང་ཞུགས་ཤིང་། སྙན་ངག་གྱེར་འདོན་ལ་དགའ་མོས་ཡོད་པའི་ལྟད་མོ་བ་མང་པོ་ཞིག་ཀྱང་ཡུལ་དངོས་སུ་ཡོང་ནས་རོལ་མྱོང་བྱས། ད་དུང་ཡུལ་དངོས་ཀྱི་འགྲན་ཞུགས་པ་དང་ལྟད་མོ་བ་ལ«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་སོགས་གཟིགས་འབུལ་གནང་།

སྙན་ངག་གྱེར་འདོན་འགྲན་སྡུར་འདི་ལ་རྒྱབ་སྐྱོར་དང་རོགས་འདེགས། གསོ་སྐྱོང་བྱ་བའི་ཆེད་དུ་རྐང་ཚ་རྫོང་དྲིལ་སྒྲོག་པུའུ་དང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་ཐེངས་འདིའི་བོད་མཁར་སྙན་ངག་གྱེར་འདོན་འགྲན་སྡུར་འདི་སྤེལ་བ་ཡིན་ཞིང་། ལས་ཁུངས་འདི་དག་གིས་སྔར་བཞིན་སྙན་ངག་གྱེར་འདོན་འགྲན་སྡུར་སོགས་བྱ་འགུལ་མང་པོ་སྤེལ་རྒྱུ་ཡིན་ལ་མ་འོངས་པར་ཡང་བོད་ཀྱི་གསར་སྐྱེས་རྩོམ་པ་པོ་མང་པོ་སྐྱེད་སྲིང་ཕྱོགས་ལ་འབད་པ་ལྷུར་ལེན་བྱ་རྒྱུ་རེད།

 འགྲན་ཞུགས་པས་རྒྱན་ལེན་བཞིན་པ།

དཔྱད་འདེམ་པ་དང་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།

IMG_1222.jpg

མདོ་འཛིན་བྱེད་བཞིན་པ།

བྱ་དགའ་ཨང་དང་པོ་ཐོབ་མཁན། སྙིང་མོ་མཚོ་དང་ཚེ་དབང་རིག་འཛིན། དུང་ཟིན་རྒྱལ། ཚེ་རིང་སྒྲོལ་མ།

 བྱ་དགའ་ཨང་གཉིས་པ་ཐོབ་མཁན། རྐང་བསོད་བློ།

བྱ་དགའ་ཨང་གཉིས་པ་ཐོབ་མཁན། ཚེ་དབང་རིག་འཛིན།

 བྱ་དགའ་ཨང་གསུམ་པ་ཐོབ་མཁན། ཚེ་རིང་སྒྲོལ་མ།

IMG_1408.jpg

བྱ་དགའ་ཨང་གསུམ་པ་ཐོབ་མཁན། རྡོ་རྗེ་ཚེ་བརྟན།

 333.jpg

 བྱ་དགའ་ཨང་གསུམ་པ་ཐོབ་མཁན། ཤེས་རབ་གསལ།

འགྲན་ཞུགས་པ་དང་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།

IMG_1557.jpg

ཐེངས་འདིར་བྱ་དགའ་ཐོབ་པའི་གྱེར་འདོན་པ་ལྷན་རྒྱས།