མཚོ་སྔོན་གྱིས་གནས་སྐོར་དབུལ་སྐྱོར་ལས་གཞི་གྱ་བདུན་འཛུགས་སྐྲུན་བྱེད་རྒྱུ་རེད།
2018.03.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་གྱིས་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས་གནས་སྐོར་དབུལ་སྐྱོར་ལས་གཞི་གྱ་བདུན་འཛུགས་སྐྲུན་བྱས་ཏེ། གནས་སྐོར་དབུལ་སྐྱོར་སྡེ་བའི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་། གནས་སྐོར་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཁུལ་ཁོངས་སྔར་ལས་མང་པོ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

དུས་ཆེན་གྱི་སྐབས་སུ། ཟི་ལིང་དང་དེའི་མཐའ་འཁོར་གྱི་ལྗོངས་རྒྱུ་ཁུལ་གྱི་གནས་སྐོར་པ་ཇེ་མང་དུ་འགྲོ་བ་དང་། དེས་གྲོང་ཁྱེར་མཐའ་འཁོར་གྱི་ཞིང་བའི་སྤྲོ་ཁྱིམ་སྔར་ལས་ཇེ་རྒྱས་སུ་བཏང་བ་དང་། ཞིང་སྡེའི་གནས་སྐོར་ཡང་སྔར་ལས་འཕེལ་རྒྱས་སུ་བཏང་ལ། གནས་སྐོར་དང་དབུལ་སྐྱོར་མཉམ་འདྲེས་ཀྱི་མ་དཔེ་དེས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་སྡེ་བ་སྐོར་ཞིག་དབུལ་ཐར་བཏང་། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས་ཞིང་བའི་སྤྲོ་ཁྱིམ་གཙོར་བཟུང་བའི་ཞིང་སྡེའི་གནས་སྐོར་ལས་དོན་དེ་དབུལ་ཕོངས་མང་ཚོགས་དབུལ་ཐར་བྱེད་པའི་ལམ་བུ་གལ་ཆེན་དུ་བརྩིས་ནས། ལྟ་སྐོར་དང་སིལ་ཏོག་འཐོག་པ། བཟའ་བཏུང་བཅས་གཞི་གཅིག་ཏུ་འདྲེས་པའི་ཞིང་བའི་སྤྲོ་ཁྱིམ་གྱི་གནས་སྐོར་ལས་གཞི་འཕེལ་རྒྱས་སུ་བཏང་། མིག་སྔར། རྫོང་ཡོངས་ཀྱི་གསར་དུ་ལས་པ་དང་ཡང་ན་ཚོང་གཉེར་བྱེད་བཞིན་པའི་ཞིང་བའི་སྤྲོ་ཁྱིམ་བརྒྱ་དང་སོ་དྲུག་ཏུ་སླེབས།

ཏ་ཐུང་ཧོས་རིགས་རང་སྐྱོང་རྫོང་ཧྲའོ་པེ་བོད་རིགས་ཞང་སྤེན་མ་གུ་སྡེ་བའི་མེ་ཏོག་ཞིང་གྲོང་གི་ལོ་རེའི་གནས་སྐོར་པའི་མི་གྲངས་འབུམ་ལྔ་ལས་བརྒལ་བ་དང་། ཉེ་བའི་ལོ་འགའི་རིང་ལ། སྤེན་མ་གུ་མེ་ཏོག་ཞིང་གྲོང་གི་གནས་སྐོར་པའི་མི་གྲངས་རྒྱུན་མ་ཆད་པར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེས་སྤེན་མ་གུ་ཡི་ཞིང་པའི་སྤྲོ་ཁྱིམ་དང་བཟའ་སིལ་ཟ་ཁང་། ཇ་ཁང་། ཚོང་ཁང་སོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་བ་མ་ཟད། མང་ཚོགས་ཀྱི་ཡང་སྒོ་ཇེ་མཐོར་གཏོང་བའི་ལམ་བུ་རྒྱ་སྐྱེད།

མཚོ་སྔོན་ཞིང་ཆེན་གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་གནས་སྐོར་དབུལ་སྐྱོང་ཕྱོགས་ནས། མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་སྟེ། གནས་སྐོར་དབུལ་སྐྱོར་ལས་གཞི་གྱུ་བདུན་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེའི་ཁྲོད་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་སོ་བཞི་དང་། བོད་ཁུལ་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་གནས་སྐོར་འཆར་འགོད་དབུལ་སྐྱོར་གྱི་སྤྱི་ཕན་འགུལ་སྐྱོད་སྤེལ་བ་མ་ཟད། སྐྱེ་ཁམས་སྤྲོ་གསེང་དང་གནས་སྐོར་ལྗོངས་རྒྱུ། ལུས་གསོ། གསར་འཆར་ཞིང་ལས། ཞིང་འདེབས་མྱོང་ཚོར། ཞིང་སྡེའི་ལག་རྩལ་སོགས་ཞིང་སྡེའི་སྣ་འཛོམས་གནས་སྐོར་ཁུལ་འཛུགས་སྐྲུན་བྱེད་པ་བཅས་འདུ།