མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་དབུལ་ཐར་མཁྲེགས་གཏོར་ཐད་གྲུབ་འབྲས་མངོན་གསལ་བླངས།
2018.03.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་དབུལ་ཐར་མཁྲེགས་གཏོར་ཐད་གྲུབ་འབྲས་མངོན་གསལ་བླངས་ཏེ་ཉིས་སྟོང་བཅུ་བདུན་ལོར་དབུལ་ཐར་བྱེད་རྒྱུའི་འཆར་གཞི་ཡོད་པའི་རྫོང་བདུན་དང་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་སྡེ་བ་ལྔ་བརྒྱ་དང་སོ་གཅིག་བདེ་བླག་ངང་དབུལ་ཐར་བྱེད་པ་མངོན་འགྱུར་བྱས་ནས་སློབ་གསོའི་དབུལ་ཐར་དམིགས་ཚད་ཡོངས་གྲུབ་བྱས།

ན་ནིང་། སློབ་སྔོན་སློབ་གསོ་སོགས་ཐད་ཀྱི་ལས་གཞི་དག་ལོ་དེར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང་དགོས་མཁོ་ཡོད་པའི་དབུལ་ཕོངས་གྱི་གྲས་ནས་ཕྱིར་འབུད་པའི་སྡེ་བ་རུ་ལག་བསྟར་བྱས་པ་དང་། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་དབུལ་ཕོངས་རྫོང་བདུན་ལ་མ་དངུལ་སྒོར་དུང་ཕྱུར་གཉིས་དང་ས་ཡ་བདུན་བཏང་སྟེ་སློབ་གསོའི་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་བཏང་། ཉིས་སྟོང་བཅུ་བདུན་ལོར། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་དབུལ་ཕོངས་རྫོང་བདུན་དང་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་སྡེ་བ་ལྔ་བརྒྱ་སོ་གཅིག་དབུལ་ཐར་བྱས་ཏེ་སློབ་གསོའི་དབུལ་ཐར་དམིགས་ཚད་ཡོངས་གྲུབ་བྱས།

ད་ལོར། ཞིང་ཆེན་སློབ་གསོ་ཐིན་གྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་རྫོང་བཅུ་གཉིས་དང་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་ཀྱི་གྲས་ནས་ཕྱིར་འབུད་པའི་དབུལ་ཕོངས་སྡེ་བ་ལྔ་བརྒྱ་བཅུ་གཉིས་ཀྱི་སློབ་གསོ་འཕེལ་རྒྱས་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་གནད་དོན་རྩིས་ཁྲ་བཟོས་ཏེ་འོས་འགན་སློབ་གསོའི་དུས་རིམ་དུ་སློབ་མ་དག་དབུལ་ཕོངས་ཀྱི་དབང་གིས་སློབ་ཞུགས་བྱེད་མ་ཐུབ་པའི་གནད་དོན་མི་འབྱུང་བར་འགན་སྲུང་བྱེད་བཞིན་པ་དང་། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་རྫོང་གི་འོས་འགན་སློབ་གསོའི་སྲ་བརྟན་གྱི་ཚད་བརྒྱ་ཆའི་གོ་གསུམ་ལ་སླེབས།

དེར་མ་ཟད། རྒྱུན་ཆད་མེད་པར་སློབ་གསོའི་དབུལ་སྐྱོར་སྒྲིག་གཞིའི་ནང་རྐྱེན་གསར་གཏོད་བྱས་ཏེ་ས་ཁུལ་སོ་སོ་རུ་ལོ་བཅོ་ལྔའི་འོས་འགན་སློབ་གསོ་གཟབ་ནན་གྱིས་ལག་བསྟར་བྱས་ཏེ་ལོ་བཅོ་ལྔའི་འོས་འགན་སློབ་གསོ་དབུལ་ཕོངས་ཁྱིམ་ཚང་ཡོངས་ལ་ཁེབས་པར་བྱས། ས་ཁུལ་སོ་སོ་དང་ལས་རིགས་སློབ་གླིང་སོ་སོས་དབུལ་ཕོངས་སློབ་ཆེན་སློབ་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མའི་ཡིག་ཚགས་བཟོས་ཏེ་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཡིན་པ་དང་། རྫོང་གཙོ་བོ་ཡིན་པའི་སློབ་སྔོན་སློབ་གསོའི་ལོ་བགར་བའི་འཆར་འགོད་གཏན་ཁེལ་བྱེད་པ་དང་ལྟ་སྐུལ་དོ་དམ་ཐད་ཤུགས་བསྣན་ནས་སློབ་ལོ་རན་པའི་སློབ་མས་དུས་ལྟར་སློབ་གསོ་མྱོང་ཐུབ་པར་འགན་སྲུང་བྱེད་རྒྱུ་རེད།

དམའ་འབྲིང་མཐར་ཕྱིན་སློབ་མ་སློབ་འཕར་བྱེད་པའི་དོ་དམ་འཐུས་ཚང་དུ་གཏོང་བ་དང་བྱ་བའི་འགན་འཁྲི་དོན་འཁྱོལ་བྱེད་པ། དཔྱད་ཞིབ་འགན་འདྲིའི་ནང་རྐྱེན་བཙུགས་ཏེ་བརྒྱ་ཆའི་དགུ་བཅུའི་ཡན་གྱི་དམའ་འབྲིང་མཐར་ཕྱིན་སློབ་མས་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་མྱོང་ཐུབ་པར་འགན་སྲུང་བྱེད་རྒྱུ་རེད།