མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་ཁྲིམས་ལུགས་བྱ་བའི་གྲོས་ཚོགས་བསྡུས།
2018.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ3པའི་ཚེས19ཉིན། 2018ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁྲིམས་ལུགས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ་དང་། 2017ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་དང་སྲིད་གཞུང་ཁྲིམས་ལུགས་བྱ་བར་ཕྱིར་དྲན་དང་སྤྱི་བསྡོམས་བྱས་ཏེ། ཉམས་མྱོང་བརྗེ་རེས་དང་མི་འདང་ས་བཙལ་བར་མ་ཟད། 2018ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།

ཚོགས་འདུ་ལས《འགོ་རྩོམ་སར་རྐང་འཛུགས་པ་དང་རྣམ་པ་གསར་བ་གསར་གཏོད་བྱས་ཏེ་ཧུར་ཐག་གིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ནུས་ཡོད་ཀྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས》ཞེས་པའི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་སྲིད་གཞུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་སྲིད་གཞུང་བཅས་ལས་ཁུངས་དྲུག་གིས་ཁྲིམས་ལུགས་བྱ་བའི་བརྗོད་གཞི་མི་འདྲ་བར་དམིགས་ནས་བརྗེ་རེས་གཏམ་བཤད་སྤེལ། གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་གི་འགན་ཁུར་བ་དང་། ཞིང་ཆེན་ཐད་གཏོགས་སྡེ་ཁག་ཁྲིམས་ལུགས་ལས་ཁུངས་ཀྱི་འགན་ཁུར་བ། ཞིང་ཆེན་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ་ཡོངས་བཅས་ཚོགས་འདུར་ཞུགས།

ཚོགས་འདུ་ལས་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་ཁྲིམས་ལུགས་ལས་ཁུངས་ཀྱིས་སློབ་སྦྱོང་དམ་འཛིན་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གཞུང་ལུགས་གསར་བས་ང་ཚོའི་ཁྲིམས་ལུགས་བྱ་བའི་ལས་བཟོ་བ་རྣམས་ཀྱི་ཀླད་པར་དྲག་ཆས་སྤྲོད་དགོས་ཤིང་ལག་ལེན་ལ་མཛུབ་སྟོན་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིམས་ལུགས་ཀྱི་བྱ་བ་སོ་སོའི་ཁྲོད་འདྲེས་པར་བྱེད་པ་དང་བྱ་བར་སྐུལ་འདེད་བྱས་ནས། སྲིད་གཞུང་གི་ཁྲིམས་ལུགས་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ལ་ཁག་ཐེག་བྱེད་དགོས། བྱ་བའི་བྱེད་ཐབས་གསར་བ་གསར་སྐྲུན་བྱས་ཏེ་འགན་ཁུར་བ་དང་པོའི་འགན་འཁྲི་དང་ལོ་རེའི་བྱ་བའི་ལས་འགན་སོ་སོ་དངོས་འབེབས་བྱེད་པ་དམ་འཛིན་བྱེད་དགོས། དཔུང་སྡེ་དམ་འཛིན་བྱས་ཏེ་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། ནུས་པའི་བྱང་ཚད་མཐོར་འདེགས་དམ་འཛིན་བྱེད་པ། སྲོལ་བཟང་འཛུགས་སྐྲུན་དམ་འཛིན་བྱེད་དགོས་པར་མ་ཟད། ཧུར་ཐག་གིས་ཁྲིམས་ལུགས་ལས་བྱེད་པའི་དཔུང་སྡེའི་འགན་སྒྲུབ་ནུས་པ་མཐོར་འདེགས་སུ་བཏང་སྟེ། “ལྔ་བཞིའི”འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་ཐད་ནུས་ཡོད་ཀྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།