མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་ཁུར་བ་གཙོ་བོའི་ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་མཇུག་སྒྲིལ།
2018.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་ཁུར་བ་གཙོ་བོའི་གསོ་སྦྱོང་བྱ་བའི་སྤྱིའི་བཀོད་སྒྲིག་ལྟར། ད་ལོའི་ཟླ་དང་པོའི་ཟླ་མཇུག་ཏུ། ཅང་སུའུ་ཞིང་ཆེན་ཅང་ཡེན་གྲོང་ཁྱེར་ཧྭ་ཞི་ལས་བྱེད་པའི་སློབ་གླིང་གིས་བསྒྲུབས་པའི་ཞིང་ཆེན་ཡོངས་ཀྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་ཁུར་བ་གཙོ་བོའི“བསམ་བློ་བཅིངས་འགྲོལ་དང་ནུས་པ་མཐོར་འདེགས། འཕེལ་རྒྱས་ཀྱི་རྗེས་ཟིན་ཐུབ་པའི”ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་མཇུག་སྒྲིལ་བ་དང་། ཞིང་ཆེན་ཡོངས་ཀྱི་གསར་དུ་བསྐོ་འཇོག་བྱས་པའི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་ཁུར་བ་གཙོ་བོ་སྟོང་གཅིག་དང་དྲུག་བརྒྱ་གསོ་སྦྱོང་ལ་ཞུགས་པ་དང་། འདི་ནི་ད་རག་བར་དུ་མཚོ་སྔོན་ཞིང་ཆེན་དུ་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་སྡེ་བའི་ལས་བྱེད་པའི་གསོ་སྦྱོང་ཡིན་པ་རེད།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་ཁུར་བ་གཙོ་བོའི་ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་དོན་གསོ་སྦྱོང་གིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཡིད་ཆེས་དང་ཕུགས་བསམ་བརྟན་པོ་འཛུགས་པ་དང་། འགན་སྒྲུབ་ནུས་པ་མཐོར་འདེགས་སུ་བཏང་སྟེ་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་མང་ཚོགས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱེད་པའི་འཇོན་ཐང་ལ་སྐུལ་ཁྲིད་བྱས་ནས། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་དང་ཞིང་སྡེ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་རྩ་འཛུགས་ཀྱི་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས་པར་དམིགས་ནས་སློབ་གསོ་དང་ཁྲིད་སྟོན་བྱས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བསྡོམས་པས་ཐེངས་བཅུ་ལ་བསྒྲུབས་པ་དང་། ཐེངས་རེར་ཉིན་ལྔ་ལ་ཚོགས་ཤིང་། མི་སྟོང་གཅིག་དང་དྲུག་བརྒྱ་ཉེར་གསུམ་གསོ་སྦྱོང་ལ་ཞུགས་པས། ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཏང་ཀྲི་པུའུ་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བཞི་ཅུ་ཟིན་ལ། མཚོ་སྔོན་ཞིང་ཆེན་གྱི“སྡེ་བའི་ལས་བྱེད་པ་ཁྲི་སྟོང་གི་ནུས་པ་མཐོར་འདེགས”བྱེད་པའི་ཆེད་དོན་གསོ་སྦྱོང་གི་རྗེས་སུ་ཡང་བསྐྱར་ཧྭ་ཞི་ལས་བྱེད་པའི་སློབ་གླིང་གིས་བསྒྲུབས་པའི་གསོ་སྦྱོང་གལ་ཆེན་ཞིག་རེད།