ཉེ་ལམ། མཚོ་སྔོན་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གིས་སྐོར་གསར་པའི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་གསར་འཛུགས་བྱ་བའི་བཀོད་སྒྲིག་གྲོས་ཚོགས་བསྡུས་ཏེ་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱ་བ་འགོ་བརྩམས། རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་དཔལ་ཡོན་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་ཡོངས་སུ་བསྡོམས་པས་གྲོང་ཁྱེར་སུམ་བརྒྱ་གོ་གཅིག་སྐོར་གསར་པའི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་དུ་གཏན་ཁེལ་བྱས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། ཡུལ་ཧྲུའུ་གྲོང་ཁྱེར། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་། གུང་ཧོ་རྫོང་བཅས་དེའི་ཁྲོད་ཚུད་ཡོད།
གྲོས་ཚོགས་སྟེང་། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གི་རྒྱལ་ཡོངས་ཀྱི་སྐོར་གསར་པའི་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་གསར་འཛུགས་བྱ་བར་བཀོད་སྒྲིག་དང་འགོ་རྩོམ་པའི་སྐོར་གྱི་བརྡ་ཐོ་བརྒྱུད་སྒྲོག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་དུ་ཚུད་ཡོད་པའི་ས་ཁུལ་དྲུག་ལ་གཟེངས་བསྟོད་བྱས་པ་དང་གཟི་བརྗིད་དཔང་ཡིག་བྱིན་པར་མ་ཟད། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱེད་ཐབས་དང་ཕན་ནུས་མཚམས་སྦྱོར་བྱས་པ་དང་། མཚོ་ཤར་གྲོང་ཁྱེར་སོགས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་དྲུག་གིས་རང་ས་ཁུལ་གྱིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱེད་པའི་བྱ་བའི་ཐད་ནས་བརྗེ་རེས་གཏམ་བཤད་སྤེལ།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་དཔྱད་འདེམ་བྱེད་པ་ནི་གྲོང་ཁྱེར་གཅིག་གིས་ཏང་ཀྲུང་དབྱང་གི་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་པའི་སྤྱིའི་གདེང་འཇོག་ཡིན་པ་དང་། དེ་གྲོང་ཁྱེར་གྱི་ཚན་རིག་འཕེལ་རྒྱས་དང་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་ལ་སྐུལ་སྤེལ་བྱེད་པ། གྲོང་ཁྱེར་གྱི་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བ། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་བཅོས་བྱེད་པའི་ནུས་ཡོད་བྱེད་ཐབས་སུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དྲུག་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་དུ་གྱུར་བ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱ་བའི་ཕན་ནུས་ལ་ཁས་ལེན་བྱས་པ་ཡིན་པ་དང་ཆུ་ཚད་སྔར་ལས་མཐོ་བའི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་སྐུལ་ལྕག་ཡིན། སྐོར་གསར་པའི་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱེད་པའི་དུས་སྐབས་སུ། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་དག་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱེད་དགོས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས་ལ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ་སྒྱུར་བ་བཞིར་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། ལྔ་བཞིའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལས་འགན་གཙོ་བོ་ཁག་ཁུར་བྱེད་ཐུབ་པའི་དུས་རབས་གསར་པའི་མི་གསོ་སྐྱོང་བྱེད་དགོས། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། གྲོང་ཁྱེར་གྱི་ཚན་རིག་འཆར་འགོད་དང་སེམས་ཞིབ་མོས་འཛུགས་སྐྲུན་དང་དོ་དམ་བྱེད་པར་ཤུགས་བསྣན་ནས་གྲོང་ཁྱེར་གྱི་ཐོན་སྐྱེད་འཕེལ་རྒྱས་དང་སྐྱེ་ཁམས་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་གྱི་མཛེས་པའི་ཁོར་ཡུག་དང་སྤུས་ལེགས་ཞབས་ཞུ་བཟང་བོ་བསྐྲུན་དགོས། མཁར་ཞང་གཅིག་གྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ནང་དོན་དང་བྱེད་ཐབས། རྣམ་པ་བཅས་གསར་གཏོད་བྱེད་དགོས་པ་དང་གསར་འཛུགས་བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱ་བར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཀྱི་ཚོར་བ་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ་འཆམ་མཐུན་བརྟན་འཇགས་ཀྱི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས་ཟེར།