མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས།
2018.03.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 5

 IMG_2863.JPG

  ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཆེད་དོན་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཞིང་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ་ཨ་ལགས་རིན་ཆེན་རྣམ་རྒྱལ་ཚང་གིས་ཚོགས་འདུའི་དགོངས་དོན་བསྒྲགས། ཞིང་ཆེན་ནང་བསྟན་སློབ་གླིང་གི་དགེ་བཟོ་བ་ཡོངས་དང་ཡོངས་འཛིན། སློབ་མ་སོགས་ཁྱོན་བསྡོམས་མི་ཉིས་བརྒྱ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས།

IMG_2853.JPG

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཞིང་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ་ཨ་ལགས་རིན་ཆེན་རྣམ་རྒྱལ་ཚང་གིས་གཏམ་བཤད་གནང་བཞིན་པ། 

  ཨ་ལགས་རིན་ཆེན་རྣམ་རྒྱལ་ཚང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། སྲིད་གཞུང་བྱ་བའི་སྙན་ཞུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། རྒྱལ་ཡོངས་སྲིད་གྲོས་ཀྱི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུ། རྩ་ཁྲིམས་བཟོ་བཅོས་འཆར་ཟིན། སྲིད་གྲོས་སྒྲིག་ཡིག་བཟོ་བཅོས་འཆར་ཟིན། ལྟ་ཞིབ་བཅའ་ཁྲིམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་སོགས་ཕྱོགས་བདུན་གྱི་ཐད་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཁོང་གིས་སློབ་གླིང་གི་དགེ་བཟོ་བ་དང་ཡོངས་འཛིན། སློབ་མ་བཅས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི། ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་ཤིང་། དགོངས་དོན་ལ་གོ་བ་རྟིང་ཐག་ཆོད་པ་ལོན་དགོས་པར་མ་ཟད། ཏང་ལ་བློ་སེམས་དཀར་དགོས་པ་དང་། མགྱོགས་མོར་ལག་ལེན་ལ་བསྟར་དགོས་པ། ལམ་ལུགས་འཐུས་ཚང་དུ་གཏོང་བ། དོ་དམ་ནུས་ལྡན་ཅན་དུ་བསྒྱུར་བར་འབད་ནས། ཀྲུང་གོ་གུང་ཁྲན་ཏང་ལ་བསམ་བློའི་ཐོག་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐོག་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐོག་བསམ་སྦྱོར་གཅིག་མཐུན་ཡོང་བར་བྱེད་དགོས། ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་བསྐོ་འཇོག་གནང་བའི་ཐག་གཅོད་འདི་ལ་སྲུང་སྐྱོབ་དང་གོང་བཀུར་མཐའ་གཅིག་ཏུ་བྱས་མཐར། བོད་ཁུལ་གྱི་ཡུན་སྐྱོང་བདེ་འགོད་ལ་སྟོབས་ཤུགས་གང་ཡོད་རྩལ་དུ་སྤྲུག་ནས་འདོན་དགོས་པའི་བླང་བྱ་ནན་མོ་བཏོན།

IMG_2861.JPG

ཞིང་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་པདྨ་ལྷུན་གྲུབ་ཀྱིས་གཏམ་འཆད་ཀྱིན་པ། 

IMG_2854.JPG

ཞིང་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་རིན་ཆེན་དོན་གྲུབ་ཀྱིས་གཏམ་འཆད་ཀྱིན་པ། 

  སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་རབས་དང་རིམ་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཇེ་ཟབ་ཏུ་བཏང་བ་ཡིན་ལ། ང་ཚོས་བྱ་བ་ལེགས་པོར་བསྒྲུབ་པར་ཁྲིད་སྟོན་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རང་རྒྱུད་ལ་འབྱོར་བར་བྱེད་པ་དང་། ལག་ལེན་ལ་མཛུབ་སྟོན་དང་བྱ་བར་སྐུལ་འདེད་གཏོང་ཐུབ་པར་བྱས་ཏེ། རང་ཉིད་ཀྱི་བྱ་བ་འབད་པས་སྒྲུབ་ངེས་ཡིན་ཞེས་བསྟན།

IMG_2859.JPG

སྦྱངས་འབྲས་ཕུལ་བྱུང་ཅན་ལ་བྱ་དགའ་གནང་བའི་རྣམ་པ། 

ཚོགས་འདུ་ལས་སྦྱངས་འབྲས་བྱ་དགའི་དངུལ་གནང་སྟེ། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅུ་བདུན་གྱི་སློབ་ལོ་ཧྲིལ་བོའི་ནང་དུ་བསླབ་བྱའི་གནས་ལ་བརྩོན་པ་དང་། དགེ་རྒན་ལ་བཀུར་ཞིང་སྒྲིག་ལམ་བརྩི་བ། སློབ་གྲོགས་བར་ལ་མཐུན་སྒྲིལ་བྱེད་པ། རྒྱུགས་འབྲས་མཆོག་ཏུ་གྱུར་བ་བཅས་གཅིག་ལྕོགས་སུ་འཛོམས་པའི་སློབ་མ་བརྒྱ་དང་བཅུ་བཞི་ལ་གཟེངས་བསྟོད་དང་སྦྱངས་འབྲས་བྱ་དགའི་དངུལ་གནང་། འདི་ནི་མཚོ་སྔོན་ནང་བསྟན་སློབ་གླིང་དབུ་ཚུགས་ཚུན་གྱི་སྦྱངས་འབྲས་བྱ་དགའ་བསྩལ་བའི་མཛད་སྒོ་ཆེས་ཐོག་མ་ཡིན་ལ། དེར་སློབ་གླིང་ཕྱི་ནང་གི་ཡོངས་འཛིན་དང་གྲྭ་བཙུན་རྣམས་ཀྱི་གདེང་འཇོག་གང་ལེགས་ཐོབ། །

IMG_2857.JPG