རྒྱལ་ཁབ་རིམ་པའི་ལྗོངས་རྒྱུའི་ཁྱབ་ཁོངས་སུ་དཔེ་མཚོན་ས་ཁུལ་གསར་སྤེལ་གྱི་གོམ་འགྲོས་ཤུགས་ཆེན་པོར་སྤེལ་བཞིན་པའི་སྐབས་དང་བསྟུན་ནས་རིག་གནས་དང་ཡུལ་སྐོར་གཅིག་ཏུ་འདྲེས་པའི་གོམ་ཁ་གསར་བ་ཞིག་ལ་སྙེག་པར་སྔར་ལས་སྐུལ་འདེད་བྱས་ཏེ། ཕྱོགས་ཡོངས་ནས“གནམ་འོག་རྨ་ཀླུང་ཁྲི་ཀའི་ཡུལ་ན་དྭངས”ཞེས་པའི་མིང་གི་སྐད་གྲགས་དང་ཁྲི་ཀ་རྫོང་གི་རིག་གནས་ཡུལ་སྐོར་གྱི་མཚན་སྙན་མཐོར་འདེགས་བྱ་ཆེད། སྤྱི་ལོ2018ལོའི་ཟླ4པའི་ཚེས13ཉིན་ནས་ཚེས15བར་སྐབས་བཅུ་གསུམ་པའི་མཚོ་སྔོན་ཁྲི་ཀའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་སྒྲུབ་པའི་ཉིན་གཏན་འཁེལ་བྱས་ཡོད་ཅིང་། 2018ལོའི་སྐབས་བཅུ་གསུམ་པའི་མཚོ་སྔོན་ཁྲི་ཀའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དང་རྒྱལ་ཡོངས་ཀོ་གྲུ་གདན་ཞུའི་འགྲན་སྡུར་སོགས་རིག་གནས་དང་ལུས་རྩལ་གྱི་བྱ་འགུལ་བཅུ་ལྷག་སྤེལ་འཆར་ཡོད་པས་སྐབས་དེར་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དག་ཕེབས་ནས་མཛུབ་སྟོན་དང་ཁྲི་ཀའི་མཛེས་ལྗོངས་ལ་རོལ་བར་ལྷག་བསམ་རྣམ་དག་གིས་གྲ་སྒྲིག་གང་ལེགས་བྱེད་བཞིན་མཆིས།