ཉིས་སྟོང་ཉི་ཤུ་ལོར་ཐོན་དུས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་དབང་བོ་སྐྱོན་ཅན་ཁྲི་གཅིག་དང་བརྒྱད་བརྒྱ་ཞེ་དྲུག་ལ་བདེ་ཐང་རམ་འདེགས་སྒྲིག་ཆས་བཀོད་སྒྲིག་བྱེད་ཐུབ།
2018.03.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

མིག་སྔར། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་ལོ་གསུམ་འགུལ་སྤྱོད་ཇུས་གཞི་ཁྱབ་བསྒྲགས་བྱས། དེའི་ནང་ཀྲུང་དབྱང་ནོར་སྲིད་ཆེད་སྤྱོད་མ་དངུལ་དང་ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པ་ནས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཏང་སྟེ། ལོ་གསུམ་དུ་བགར་ནས་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་དབང་བོ་སྐྱོན་ཅན་ཁྲི་གཅིག་དང་བརྒྱད་བརྒྱ་ཞེ་དྲུག་ལ་བདེ་ཐང་རམ་འདེགས་སྒྲིག་ཆས་སྟེར་རྒྱུ་རེད།

ལས་གཞི་ལག་བསྟར་བྱས་པ་དེས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ནུས་ཡོད་སྒོས་ལེགས་བཅོས་བྱེད་ཐུབ་པ་དང་ལུས་པོའི་དབང་བོའི་ནུས་པ་ཉམས་གསོ་བྱས་ཏེ་ཉིས་སྟོང་ཉི་ཤུ་ལོར་ཐོན་དུས་མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་མི་རེ་རེས་བདེ་ཐང་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པའི་དམིགས་འབེན་བདེ་བླག་ངང་ཡོངས་གྲུབ་བྱེད་ཐུབ་པ་དང་དབང་བོ་སྐྱོན་ཅན་དང་ཁོ་ཚོའི་ཁྱིམ་ཚང་འབྱོར་འབྲིང་དུ་བསྐྱོད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིངས་ཐུབ།

ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཕོངས་དབང་བོ་སྐྱོན་ཅན་གྱི་བདེ་ཐང་ཞབས་ཞུ་སྐོར་གཅིག་བྱེད་པ་དང་དབང་བོ་སྐྱོན་ཅན་གྱི་བྱིས་པར་མྱུར་སྐྱོབ་བྱེད་པའི་བདེ་ཐང་ཞབས་ཞུ་སྐོར་གཅིག་བྱེད་པ། མཉམ་འབྲེལ་དྲ་རྒྱ་དང་རམ་འདེགས་སྒྲིག་ཆས་གནད་ཕིགས་མཐུན་སྦྱོར་ཞབས་ཞུ་སྐོར་གཅིག་བྱེད་པ། བྱམས་བརྩེའི་ཐེབས་རྩ་ཚོགས་པ་རྩ་འཛུགས་བྱས་ཏེ་རོགས་སྐྱོར་བྱེད་པ་སོགས་སྐོར་གཅིག་ཅན་དྲུག་གི་བཟོ་སྐྲུན་ལག་བསྟར་བྱེད་རྒྱུ་རེད།