ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་སློབ་གྲྭའི་དགེ་སློབ་དང་ཁོངས་གཏོགས་སྡེ་ཁག་གི་ཏང་ཀྲི་པུའུ་ཏང་ཡོན ཁོར་སྲུང་མི་སྣ། གཞིས་ཁུལ་དང་བླངས་ཞབས་ཞུ་རུ་ཁག སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཏང་ཡོན་དང་གུང་གཞོན་ཚོགས་པ། སྡེ་བ་སོ་སོའི་མང་ཚོགས་སོགས་མི་སྟོང་གཉིས་དང་དྲུག་བརྒྱ་ལྷག་སྐུལ་སློང་བྱས་ཏེ་རོང་བོ་དགུ་ཆུའི་ཆུ་འགྲམ་བཅོས་སྐྱོང་མཛེས་སྒྱུར་བྱ་བ་སྤེལ།
རོང་བོ་དགུ་ཆུའི་ཆུ་འགྲམ་བཅོས་སྐྱོང་མཛེས་སྒྱུར་བྱེད་པའི་ཡུལ་དངོས་སུ་ཚང་མས་མཉམ་དུ་མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་པར་ཁྱེད་དང་ང་མཉམ་དུ་ཞུགས་ཞེས་པའི་འབོད་ཚིག་བསྒྲགས་པ་དང་བསྟུན་ནས་ཆུ་འགྲམ་བཅོས་སྐྱོང་མཛེས་སྒྱུར་བྱེད་པའི་བྱ་བ་དངོས་སུ་འགོ་བརྩམས། ཉིན་གཅིག་རིང་གི་བཅོས་སྐྱོང་འགུལ་སྐྱོད་བརྒྱུད། ཆུ་འགྲམ་གྱི་གད་སྙིགས་དང་བེད་མེད་དངོས་པོ་སོགས་ཁྱོན་ཡོངས་ནས་དག་ཐེར་བཅོས་སྐྱོང་བྱས་པ་དང་། རིགས་མི་འདྲ་བའི་གད་སྙིགས་ཏུན་རེ་བདུན་ལྷག་གཙང་སེལ་བྱས་ཏེ་ཆུ་འགྲམ་ཁོར་ཡུག་དག་གཙང་ཡོང་བར་ནུས་ཡོད་སྒོས་འགན་སྲུང་བྱས།
མཚམས་སྦྱོར་བྱས་པ་ལྟར་ན། གོ་རིམ་རྗེས་མར། རོང་བོ་གྲོང་རྡལ་གྱིས་མུ་མཐུད་དུ་བྱེད་ཐབས་ཞིབ་ཕྲ་རུ་བསྒྱུར་བ་དང་བྱེད་ཕྱོགས་གསར་གཏོད་བྱས་ཏེ་ཡུན་ཕན་དོ་དམ་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་དང་དག་ཐེར་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་མཐོར་འདེགས་བཏང་ནས་རོང་བོ་དགུ་ཆུ་ནམ་རྒྱུན་དྭངས་གཙང་ཡོང་བ་མངོན་འགྱུར་བྱེད་རྒྱུ་རེད།