རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་དང་ཡུན་ནན་ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུའུ་གཉིས་ཀྱིས་ཉེན་རྟོག་ལས་དོན་ཐད་ཀྱི་མཉམ་ལས་བརྗེ་རེས་སྒྲོམ་གཞིའི་གྲོས་མཐུན་བཀོད།
2018.03.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཉེ་ལམ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་དང་ཡུན་ནན་ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུའུ་གཉིས་ཀྱིས་ཉེན་རྟོག་ལས་དོན་ཐད་ཀྱི་མཉམ་ལས་བརྗེ་རེས་སྒྲོམ་གཞིའི་གྲོས་མཐུན་བཀོད།

གྲོས་མཐུན་ལས་ཕྱོགས་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་མཉམ་ལས་བྱེད་པ་དང་ནུས་ཡོད་སྒོས་མཐུན་སྦྱོར་བྱེད་པ། ཕན་ཚུན་བར་དགེ་མཚན་ཁ་གསབ་བྱེད་པ། ཕན་ཚུན་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་རྩ་དོན་ལྟར་དཔུང་སྡེའི་འཛུགས་སྐྲུན་དང་ལས་སྒོའི་གསོ་སྦྱོང་སོགས་ཐད་ནས་མཉམ་ལས་བརྗེ་རེས་བྱེད་པ་དང་། དུས་བཅད་ལྟར་བརྗེ་རེས་གསོ་སྦྱོང་སྤེལ་བ་བརྒྱུད། གཞི་རིམ་གྱི་ལས་སྒོའི་རྐང་འཛིན་མི་སྣ་ཕྱོགས་གཅིག་གི་ཁོངས་གཏོགས་སུ་བདམས་མངག་བྱས་ཏེ་ཡུལ་དངོས་སུ་དོན་དག་བསྒྲུབ་པ་དང་། ཁྲིམས་འཛིན་ཚད་ལྡན་ཅན་དང་ཉེན་རྟོག་ལས་དོན་དངོས་འཐབ་ལག་རྩལ་སོགས་གཙོ་བོར་བཟུང་སྟེ་སློབ་སྦྱོང་དང་བརྗེ་རེས་བྱས་ནས་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མཉམ་དུ་མཐོར་འདེགས་གཏོང་བ། དྲ་རྒྱ་ཆ་འཕྲིན་ཅན་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་ཡུན་ནན་ཞིང་ཆེན་གྱི་ནགས་ཚལ་སྤྱི་བདེ་ཆ་འཕྲིན་དོ་དམ་དང་ཁྲིམས་འཛིན་དོན་སྒྲུབ། མངག་གཏོང་ཁང་དོ་དམ་སོགས་ཅུང་འཐུས་ཚང་བའི་བཀོལ་སྤྱོད་མ་ལག་ལ་བརྟེན་ནས་ཐོན་ཁུངས་མཉམ་འཛུགས་དང་མཉམ་སྤྱོད་བྱེད་པ་དང་ཆ་འཕྲིན་མཉམ་འབྲེལ་མཉམ་མཐུད་བྱེད་པ་མངོན་འགྱུར་བྱེད་རྒྱུ་གཏན་ཁེལ་བྱས་ཡོད།

ཕྱོགས་གཉིས་ཀྱིས་བསྟན་དོན། ཐེངས་འདིར་བཀོད་པའི་མཉམ་ལས་གྲོས་མཐུན་གྱི་སྒྲོམ་གཞིའི་འོག རྒྱུན་ཆད་མེད་པར་ཉེན་རྟོག་ལས་དོན་མཉམ་ལས་བརྗེ་རེས་ཇེ་དྲག་ཏུ་གཏོང་བ་དང་ཕན་ནུས་མཐོ་བའི་གཞི་གཅིག་ཅན་དང་མཉམ་འགུལ་ཅན་གྱི་འཁོར་སྐྱོད་ནང་རྐྱེན་འཛུགས་སྐྲུན་བྱེད་པར་མ་ཟད། ཉེན་རྟོག་ལས་དོན་གྱི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ནུས་པ་མཉམ་དུ་མཐོར་འདེགས་སུ་བཏང་སྟེ་ཕན་ཚུན་བར་དགེ་མཚན་ཁ་གསབ་བྱེད་པ་དང་ཐུན་ཁུངས་མཉམ་སྤྱོད་བྱེད་པ། མཉམ་དུ་མཐོར་འདེགས་གཏོང་བ། མཐུན་སྦྱོར་འཕེལ་རྒྱས་གཏོང་བ་བཅས་ཀྱི་མཉམ་ལས་ཀྱི་རྣམ་པ་གསར་བ་མངོན་འགྱུར་བྱས་ཏེ་རྫ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་བདེ་འཇགས་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཟེར།