ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་གྱིས་རོང་འབྲོག་ཁྱིམ་ཚང་ཁྲི་དྲུག་གི་ཁང་རྙིང་སྒྱུར་བཀོད་བྱེད་རྒྱུ་ཡིན་པ་དང་། ཁ་གཏོད་ཡུལ་གཙོ་བོ་ནི་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་མང་ཚོགས་ཡིན་པ་དང་། དབུལ་བོ་དབུལ་ནག་གི་ས་ཁུལ་ལ་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུ་རེད། ཡུལ་བབ་དང་བསྟུན་ནས་མ་རྩ་ཉུང་ལ་ལས་ཡུན་ཐུང་བ། ཕན་འབྲས་ལེགས་པ་བཅས་ཀྱི་ཞིང་སྡེ་བརྟན་འཇགས་སྒྱུར་བཀོད་བྱེད་ཐབས་སྤྱད་དེ། ཅི་ནུས་སྒོས་དབུལ་ཕོངས་མང་ཚོགས་ཀྱི་ཁང་བ་བསྐྲུན་པའི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་རེད།
མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར་མཚོ་སྔོན་གྱིས་ཞང་དང་སྡེ་བ་བསྐྱར་དར་གྱི་འཐབ་ཇུས་ལག་བསྟར་བསམ་འཆར་ནང་བཞིན། ལེགས་སྒྲིག་དམིགས་འབེན་ཇེ་གསལ་དུ་གཏོང་བ་དང་། ཞིང་གྲོང་གི་མཛེས་པའི་སྡོད་ཁང་བསྐྲུན་པའི་ཁ་ཕྱོགས་ལྟར་དུ། ཞིང་སྡེ་ཡི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་བྱེད་པ་དང་། སྡེ་བའི་རྣམ་པ་དང་ཕྱིའི་བཀོད་པ་ཇེ་ཡག་ཏུ་གཏོང་བ་གཉིས་གཞི་གཅིག་ཏུ་སྦྲེལ་ནས། ཞིང་སྡེ་ཡི་ཕྱིའི་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་རེད།