རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་རིམ་པའི་ས་གནས་ཚད་གཞི་གཉིས་ལ་དངོས་སུ་ཆོག་མཆན་ཐོབ་ནས་སྒྲོག་སྤེལ་བྱས།
2018.04.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

«རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་སྣང་བརྙན་མཚོན་རྟགས»དང«རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་ཚད་གཞིའི་མ་ལག་གི་མཛུབ་སྟོན་རྩ་དོན»ཏེ་ཞིང་ཆེན་རིམ་པའི་ས་གནས་ཚད་གཞི་གཉིས་ལ་དངོས་སུ་ཆོག་མཆན་ཐོབ་ནས་སྒྲོག་སྤེལ་བྱས། འདི་ནི་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས«རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད»དངོས་འབེབས་ནན་མོ་བྱེད་པའི་བྱ་འགུལ་ཞིག་ཡིན་ལ། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པར«རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཚད་གཞི་དང་ལག་རྩལ་ཚད་གཞིའི་ཕྱོགས་སྟོན»དང་ཉེར་བཀོལ་ཚད་གཞི་ཕྱོགས་བསྒྲིགས་ཀྱི་དེབ་གསུམ་འགྲེམ་སྤེལ་བྱས་རྗེས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཚད་གཞི་མ་ལག་འཛུགས་སྐྲུན་ཏན་ཏིག་ནུས་ལྡན་སྒོས་སྤེལ་བའི་གྲུབ་འབྲས་ཞིག་ཀྱང་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་རྒྱལ་སྤྱིའི་རྒྱལ་ཁབ་སྤྱི་གླིང་གི་ཚད་གཞི་མ་ལག་འཛུགས་སྐྲུན་གྱི་ཉམས་མྱོང་ལ་ཞིབ་འཇུག་དང་སློབ་སྦྱོང་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། «སྤྱིའི་འཆར་འགོད»བཟོས་ཏེ་ཉིས་སྟོང་ཉི་ཤུ་ལོར་དངོས་སུ་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུ་དང་། རྒྱལ་སྤྱིའི་ཁྲིམས་སྲོལ་དང་མཐུན་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚད་གཞི་མ་ལག་ཐོག་མར་འཛུགས་རྒྱུའི་རེ་བ་གསལ་པོ་བཏོན་ཡོད། འགྲེམ་སྤེལ་བྱས་ཟིན་པའི«རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཚད་གཞི་དང་ལག་རྩལ་ཚད་གཞིའི་ཕྱོགས་སྟོན»དང་ཉེར་བཀོལ་ཚད་གཞི་ཕྱོགས་བསྒྲིགས་ཀྱི་དེབ་གསུམ་དང་མིག་སྔར་འགྲེམ་སྤེལ་བྱས་པའི་ཞིང་ཆེན་རིམ་པའི་ས་གནས་ཚད་གཞི་གཉིས་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚད་གཞི་མ་ལག་འཛུགས་སྐྲུན་ཐད་ཀྱི་འཚོལ་ཞིབ་དང་ལག་ལེན་ཞིབ་ཅིང་ཕྲ་བ་ཡིན་ལ། དེ་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ཚད་གཞི་མ་ལག་འཛུགས་སྐྲུན་ཐད་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ་དང་། ཁྱབ་གདལ་དུ་བཏང་ཆོག་པ་དང་སློབ་སྦྱོང་བྱེད་ཆོག་པའི་ཉམས་མྱོང་འཚོལ་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚད་གཞི་མ་ལག་འཛུགས་སྐྲུན་ཐད་འགོ་བཟང་པོ་ཞིག་བརྩམས་ཡོད།