རྒྱལ་ཁབ་ཀྱིས་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་བཏང་ནས་མཚོ་སྔོན་གྱིས་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྲུང་སྐྱོབ་ནུས་ཤུགས་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱས།
2018.04.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

 རྒྱལ་ཡོངས་ཀྱི་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱེད་པའི་ནུས་ཤུགས་ཇེ་ཆེར་གཏོང་བའི་བཟོ་སྐྲུན་འཛུགས་སྐྲུན་འཆར་གཞི་ལག་བསྟར་བྱས་ཏེ། ཞིང་ལས་ཐད་ཀྱི་སྲོག་ཆགས་སྐྱེ་དངོས་ལ་སྲུང་སྐྱོབ་བྱེད་པ་དང་ནགས་ལས་ཐད་ཀྱི་གནོད་པ་ཡོད་པའི་སྲོག་ཆགས་འགོག་བཅོས་ཀྱི་ནུས་པ་ཇེ་ཆེར་གཏོང་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཧུར་ཐག་གིས་བརྩོན་ལེན་བྱས་པར་བརྟེན་ནས། ཉེ་སྔོན་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བའི་བཟོ་སྐྲུན་ཐད་ལ་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་བཏང་བ་དང་། མ་དངུལ་དེ་དག་ཞིང་ལས་ཐད་ཀྱི་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་ནགས་ལས་ཐད་ཀྱི་གནོད་པ་ཡོད་པའི་སྐྱེ་དངོས་ཀྱི་རྒྱལ་ཁབ་རིམ་པའི་ལྟེ་གནས་ཚད་ལེན་ཡར་ཞུ་བྱེད་སའི་ནུས་པ་ཇེ་ཆེར་གཏོང་བའི་ལས་གཞིའི་ཐད་བཀོལ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་དེ་ལག་བསྟར་བྱས་ཚེ། ལས་གཞི་ལག་བསྟར་བྱེད་སའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་ནད་ཡམས་འབྱུང་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ནུས་པ་དང་། གནོད་འབུ་དང་སྲོག་ཆགས་ཀྱི་ནད་ཡམས་ཆེན་པོའི་རིགས་ལ་ལྟ་ཞིབ་ཚད་ལེན་དང་ནད་བརྟག་སྨན་བཅོས་བྱེད་པའི་ནུས་པ་ཇེ་ཆེར་བཏང་ནས། ནད་ཡམས་དང་གནོད་འཚེ་འཕྲལ་བསྟུན་མ་ལག་དང་སྡེ་ཁག་མཉམ་འགུལ་གྱི་མཉམ་སྲུང་མཉམ་འཛིན་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་ཐུབ་པ་དང་། ནགས་ལས་ཐད་ཀྱི་གནོད་པ་ཡོད་པའི་སྐྱེ་དངོས་དང་འབུ་གནོད་ལ་ཚོད་འཛིན་བྱེད་པའི་ནུས་པ་སྔར་ལས་ཇེ་ཆེར་གཏོང་ཐུབ། མིག་སྔར་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཞིང་ཕྱུགས་ཐིན་དང་མཉམ་དུ་རྒྱལ་ཁབ་ཀྱི་དངུལ་གཏོང་འཆར་གཞི་བགོ་འགྲེམ་བྱེད་བཞིན་ཡོད་པར་མ་ཟད། འབྲེལ་ཡོད་ལས་ཁུངས་ཀྱིས་ཐོག་མའི་ཇུས་འགོད་བཟང་པོ་བྱེད་པར་ལྟ་སྐུལ་བྱེད་བཞིན་ཡོད།