ཐུན་ཏེ་རྫོང་གིས་དཔྱིད་ཀར་དམངས་ལ་ཁྲལ་སྒྲུབ་ལས་དོན་སྟབས་བདེ་རུ་གཏོང་བའི་བྱ་འགུལ་སྤེལ།
2018.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཉེ་ལམ།ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སྒྱུར་བྱ་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྒྱལ་ཁྲལ་ཅུའུ་དང་ས་ཁྲལ་ཅུའུ་ཡིས་མཉམ་འབྲེལ་སྒོས་དཔྱིད་ཀར་དམངས་ལ་ཁྲལ་སྒྲུབ་ལས་དོན་སྟབས་བདེ་རུ་གཏོང་བའི་བྱ་འགུལ་སྤེལ་ཏེ། ཁྲལ་འཇལ་མཁན་གྱིས་ཁྲལ་འཇལ་བ་ལ་སྟབས་བདེ་བཟོས་ནས། ཁྲལ་འཇལ་མཁན་རྣམས་དྲ་རྒྱའི་སྟབས་བདེ་ཞབས་ཞུའི་འདོན་སྤྲོད་ཀྱི་ནང་དུ་ཞུགས་པར་སྐུལ་མ་བཏང་།

ཕྱོགས་ཡོངས་ནས་ཁྲལ་འཇལ་མཁན་རྣམས་ཀྱི་ཡིད་ཚིམ་ཚད་ཆེ་རུ་གཏོང་ཆེད། ཐུན་ཏེ་རྫོང་རྒྱལ་ཁྲལ་ཅུའུ་དང་ས་ཁྲལ་ཅུའུ་ཡིས་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་དུ་ཧུར་ཐག་གིས་འགྲོ་ལུགས་སྟབས་བདེ་ཅན་དུ་གཏོང་བར་འབད་ནས། རྒྱུ་ཆ་དང་འགྲོ་རིམ། ཧུར་ཐག་གི་དྲིལ་སྒྲོག་སོགས་ཕྱོགས་ནས་ལེགས་སྒྱུར་ཚད་ཆེ་རུ་བཏང་པ་མ་ཟད། ཁྲལ་སྒྲུབ་གོ་རིམ་རིག་ནུས་ཅན་དང་ཆ་འཕྲིན་ཅན། རང་འགུལ་ཅན། སྟབས་བདེ་ཅན། ཁྲིམས་ལུགས་ཅན་དུ་མངོན་འགྱུར་བྱེད་པར་འབད་བརྩོན་བྱས། ཁྲལ་སྒྲུབ་ནང་ངོས་ཀྱི་ཞིབ་ཆ་དང་ཁྲལ་སྒྲུབ་སྤུས་ཚད་མཐོར་འདེགས་བཏང་ནས། ཧུར་ཐག་གིས་དྲ་ཐོག་ཁྲལ་སྒྲུབ་ཀྱི་སྟེགས་བུ་བཀོལ་ནས། ཁྲལ་འཇལ་བ་རྣམས་ཀྱིས་ཡུལ་ནས་དྲ་ཐོག་ནས་ཁྲལ་དོན་སྒྲུབ་ཐུབ་པ་བྱས།

དུས་མཉམ་དུ། རྒྱལ་ཁྲལ་ཅུའུ་དང་ས་ཁྲལ་ཅུའུ་གཉིས་ཀྱི་མཉམ་འབྲེལ་ཁྲལ་སྒྲུབ་ཀྱི་བྱ་བའི་སྣེ་བཟུང་ནས། ཕྱོགས་ཡོངས་ནས་ཁྲལ་དོན་བྱ་བའི་ཐོན་ཁུངས་ལེགས་སྒྲིག་བྱས་ལ།ཁྲལ་སྒྲུབ་རྣམ་གྲངས་དག་གི་སྔུན་སྤོར་དངོས་འབེབ་ལ་དམ་དུ་འཇུས་ཏེ། ཆེད་སྤྱོད་བཙོངས་འཛིན་ཐམ་ཀ་དང་སྙན་ཞུའི་རེའུ་མིག་སོགས་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་དུ་སྔོན་སྤོར་བྱ་ཞིང་། ཞབས་ཞུའི་ཁྲོད་དུ་སྣང་བརྙན་བསྐྲུན་པ་དང་། ཁྲལ་འཇལ་པ་རྣམས་ལ་དཔྱིད་ཀའི་ལས་འགུལ་འདིས་བསྐྱལ་ཡོང་པའི་སྟབས་བདེ་རང་བཞིན་ཚོར་དུ་བཅུག