༢༠༡༨ལོའི་མཚོ་སྔོན་ཁྲི་ཀའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས།
2018.04.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15

            གསར་འགོད་པས་༢༠༡༨ལོའི་ཟླ་༤བའི་ཚེས༣ཉིན་གྱི་མཚོ་སྔོན་ཁྲི་ཀའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་སུ་རྒྱུས་ལོན་པ་ལྟར་ན།ད་ལོའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་དེ་སྤྱི་ཟླ་༤བའི་ཚེས་༡༣་ནས་༡༥་བར་ཁྲི་ཀ་རྫོང་ནས་སྤེལ་རྒྱུ་གཏན་ཁེལ་བྱས།
          ཁྲི་ཀ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཆགས་ཡོད་ལ་རྨ་ཆུའི་འགྲམ་རྒྱུད་ཀྱི་རྫོང་མཁར་སྔ་ཤོས་ཡིན་པས་གནམ་འོག་རྨ་ཆུ་ཁྲི་ཀའི་ཡུལ་ན་དྭངས་ཞེས་བསྟོད་ཚིག་ཀྱང་གང་མང་ཐོབ་མྱོང་ལ།རྒྱལ་ཁབ་ཀྱི་རིམ་པ་བཞི་བའི་ཡུལ་སྐོར་ལྗོངས་རྒྱུ་ས་ཁུལ་དང་ཞིང་ཆེན་ཡོངས་ཀྱི་དཔེ་མཚོན་སྣ་འཛོམས་ཡུལ་སྐོར་གསར་སྤེལ་ས་ཁུལ།རྒྱལ་ཁབ་མངའ་ཁོངས་ཀྱི་དཔེ་མཚོན་ཡུལ་སྐོར་ས་ཁུལ་ལེགས་ཤོས་སུ་བགྲངས།དེ་མིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཅུང་བཟང་བའི་འོས་འཚམ་གཞིས་སྡོད་ས་ཁུལ་ཡིན་ལ།ལོ་རེར་ཁྲི་ཀ་རྫོང་དུ་བསྡུ་བཞིན་པའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་འདིར་དམངས་ཁྲོད་དུ་སིལ་ཏོག་དུས་ཆེན་ཞེས་ཡུལ་འདིའི་མཐའ་འཁོར་གྱི་མི་མང་པོ་དང་ས་ཆ་གཞན་ནས་ཡོང་བའི་ལྟ་སྐོར་པ་ལྷན་རྒྱས་ཀྱིས་རྟག་ཏུ་དགའ་འབོད་བྱེད་བཞིན་པའི་རིག་གནས་དུས་ཆེན་ཁྱད་མཚར་ཞིག་ཡིན་པས།ད་ལོའང་ལོ་སྔོན་མ་ནང་བཞིན་སིལ་སྡོང་མེ་ཏོག་གི་མཛེས་སྡུག་ལ་གཡེང་བ་ལས་གཞན་རིག་གནས་ཡུལ་སྐོར་དུས་ཆེན་གྱི་རྣམ་པར་ཁེ་ལས་གསབ་ཞུགས་དང་།  དེ མིན་བྱ་འགུལ་སྣ་ཚོགས་སྤེལ་བར་ཆེད་དུ་ཁྲི་ཀ་རྫོང་སྲིད་གཞུང་གིས་གཙོ་ཁྲིད་བྱ་རྒྱུ་ཡིན་པས།ཕྱོགས་ཡོངས་ཀྱི་སྐུ་མགྲོན་དག་ལ་སྣ་མང་ཕུན་སུམ་ཚོགས་པ་དང་།བག་ཆགས་ཟབ་བའི་རིག་གནས་བྱ་འགུལ་གང་མང་ཞིག་གྲ་སྒྲིག་བྱེད་བཞིན་ཡོད།
            སྐབས་འདིའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱ་འགུལ་ཁྲོད་མཚོ་སྔོན་རྒྱལ་ཡོངས་གདན་ཞུའི་ཀོ་གྲུའི་འགྲན་སྡུར་ལ་ཞིང་ཆེན་དང་གྲོང་ཁྱེར་གྱི་ཀོ་གྲུ་འགྲན་ཞུགས་མི་སྣ་༤༠ལྷག་ཞུགས་ཡོད་ལ།དེ་མིན་སྤྱི་ལེ་བརྒྱད་ཅན་གྱི་མ་ལ་སུང་རིང་རྒྱུག་འགྲན་སྡུར་དང་ཞིང་ཆེན་ཡོངས་ཀྱི་གཟེབ་གྲུག་འགྲན་སྡུར་སོགས་ནི་ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་སུ་སྤེལ་རྒྱུ་རེད།

88.png

2018ལོའི་མཚོ་སྔོན་ཁྲི་ཀའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་གསུམ་པའི་བྱ་འགུལ་བཀོད་སྒྲིག་རེའུ་མིག

8.JPG

མཚོ་སྔོན་ཁྲི་ཀའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།

9.JPG

མཚོ་སྔོན་ཁྲི་ཀ་རྫོང་གི་རྫོང་དཔོན་གཞོན་པ་ཧྥན་ཡོང་ཕིན་གྱིས་ཚོགས་འདུར་འགོ་འཛིན་བྱེད་པ།

10.JPG

མཚོ་སྔོན་ཁྲི་ཀ་རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀླུ་འབུམ་ཚེ་རིང་གིས་གཏམ་གཤད་གནང་བཞིན་པ། 

11.JPG

མཚོ་སྔོན་རྨ་འབྲི་རྫ་གསུམ་རྒྱལ་སྤྱིའི་ཚོང་དོན་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཧི་ཡོན་ཕེན་དང་མཚོ་སྔོན་ཁྲི་ཀ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་སོན་ཀྲིན་ཀང་གཉིས་ཀྱིས་གན་རྒྱར་མིང་རྟགས་འགོད་པ།

14.JPG

ཨ་མདོ་བརྙན་འཕྲིན་གྱི་གསར་འགོད་པས་ཁྲི་ཀ་རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀླུ་འབུམ་ཚེ་རིང་ལ་བཅར་འདྲི་བྱེད་བཞིན་པ།

12.JPG

༢༠༡༨ལོའི་མཚོ་སྔོན་ཁྲི་ཀའི་སྐབས་བཅུ་གསུམ་པའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་མ་སླེབས་གོང་གི་ཉིན་བཅུ་ལ་དུས་ཚོད་ལྡོག་རྩིས་བྱེད་པའི་རྣམ་པ།

13.JPG

 སྐབས་བཅུ་གསུམ་པའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབྲེལ་ཡོད་འགོ་ཁྲིད་ཀྱི་མཉམ་པར།