མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་འགུལ་སྐྱོད་ཆེན་པོ་བརྒྱད་སྤེལ་ནས་ཞིང་ལས་དར་རྒྱས་སུ་གཏོང་རྒྱུ་རེད།
2018.04.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 14

      «ཞིང་ལས་པུའུ་ཡིས་སྤེལ་བའི2018ལོའི་ཞིང་ལས་རྒྱུ་སྤུས་ལོའི་བྱ་བའི་བརྡ་སྦྱོར»གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། མཚོ་སྔོན་ཞིང་ཆེན་གྱི2018ལོའི་ཞིང་ལས་རྒྱུ་སྤུས་ལོའི་བྱ་བར་ཡར་སྐུལ་གཏོང་བ། ཞིང་སྡེ་དར་རྒྱས་ཀྱི་ཐབས་ཇུས་ལག་བསྟར་བྱེད་པ། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་རང་བཞིན་གྱི་སྒྲིག་གཞི་གཏིང་ཟབ་ཀྱིས་སྤེལ་བ། མགྱོགས་མྱུར་སྒོས་ཞིང་ཕྱུགས་ལས་ལྷད་མེད་ཅན་དང་སྤུས་ལེགས་ཅན། ཁྱད་ཆོས་ཅན། ཚོང་རྟགས་གྲགས་ཅན་བཅས་སུ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཞིང་ལས་ཐིན་གྱིས་ཞིང་ལས་རྒྱུ་སྤུས་ལོའི་འགུལ་སྐྱོད་ཆེན་པོ་བརྒྱད་ལག་བསྟར་བྱེད་པའི་སྐོར་གྱི་འཆར་འགོད་བཀྲམས་ཏེ། ཁྱོན་ཡོངས་ནས་རྒྱུ་སྤུས་ལ་བརྟེན་ནས་ཞིང་ལས་དར་རྒྱས་སུ་གཏོང་བར་ཡར་སྐུལ་གཏོང་རྒྱུ་རེད།

 
     ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་རྒྱུ་སྤུས་བདེ་འཇགས་ལྟ་ཞིབ་བྱ་བ་དེ་ཞིང་ལས་པུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། ཞིང་ལས་ཐོན་རྫས་ཐད་བདེ་འཇགས་དོན་རྐྱེན་ཆེན་པོ་མི་འབྱུང་བར་ཁག་ཐེག་བྱེད་པའི་དམིགས་འབེན་ལ་དམ་དུ་དམིགས་ནས། ཐོན་སྐྱེད་དང་དོ་དམ་གཉིས་དམ་པོར་འཛིན་པ་རྒྱུན་འཁྱོངས་དང“གཟབ་ནན་ཆེན་པོ་བཞི”ཡི་བླང་བྱ་ལྟར་ནན་ཏན་གྱིས་དོན་འཁྱོལ་བྱས་ཤིང་། ཐོན་སྐྱེད་དང་ལྟ་སྐུལ་དོ་དམ་གཉིས་ཀྱི་ཐད་ནུས་ཤུགས་ཆེན་པོ་བཏོན་ནས་ཞིང་ཆེན་རིམ་པའི་དུས་ངེས་མེད་ཀྱི་ལྟ་ཞིབ་ཚད་ལེན་བྱས་ཏེ་ཚོང་རྟགས་གྲགས་ཅན་གསར་འཛུགས་དང་། ལྟ་སྐུལ་དོ་དམ་དང་ཞིབ་བཤེར་མ་ལག་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་རིམ་པ་བཅས་ཀྱི་ཞིབ་བཤེར་སྡེ་ཁག་ལེགས་པར་བཙུགས་ནས་ས་ཁོངས་རང་བཞིན་གྱི་དོ་དམ་འགན་ཁུར་དངོས་འབེབ་བྱས།


     2018ལོ་ནི་ཞིང་ལས་པུའུ་ཡིས་གཏན་འཁེལ་བྱས་པའི་ཞིང་ལས་རྒྱུ་སྤུས་ལོ་ཡིན་པ་དང་། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བའི་དུས་སྐབས་གསར་བ་ཞིག་ཏུ་སླེབས་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་དང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱལ་ཡོངས་ནང་བཞིན་དུས་རབས་གསར་བར་སླེབས་ཡོད་པ་དང་། ཞིང་ལས་རྒྱུ་སྤུས་ལོའི་བྱ་བ་ས་གནས་རང་གི་དོན་དངོས་དང་མིག་སྔའི་བྱ་བ་གཉིས་ལ་ཟུང་འབྲེལ་དམ་པོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ཐོན་སྐྱེད་ཚད་ལྡན་རང་བཞིན་གྱི་ཕྱོགས་སུ་ཡར་སྐུལ་དང་ཞིང་ལས་ཐོན་རྫས་རྒྱུ་སྤུས་བདེ་འཇགས་ལྟ་ཞིབ། ཞིང་ལས་ཐོན་རྫས་རྒྱུ་སྤུས་བདེ་འཇགས་ཁྲིམས་སྲོལ། ཞིང་ལས་ཐོན་རྫས་རྒྱུ་སྤུས་བདེ་འཇགས་རྫོང་གསར་འཛུགས། ཐོན་སྐྱེད་ཁོར་ཡུག་གཙང་དག་ཏུ་གཏོང་བ། ཞིང་ལས་ཚོང་རྟགས་གྲགས་ཅན་མཐོར་འདེགས་སུ་གཏོང་བ། རྒྱུ་སྤུས་ཀྱིས་ཞིང་ལས་དར་རྒྱས་སུ་གཏོང་བའི་ཚན་རྩལ་འདེགས་སྐྱོར། ཐོན་སྐྱེད་བདག་གཉེར་གཙོ་གཞིའི་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་བཅས་འགུལ་སྐྱོད་ཆེན་པོ་ནན་ཏན་གྱིས་སྤེལ་ནས། མགྱོགས་མྱུར་ངང་ཞིང་ཕྱུགས་ལས་ཀྱི་ཚད་མཐོའི་རྒྱུ་སྤུས་འཕེལ་རྒྱས་ལ་ཡར་སྐུལ་གཏོང་རྒྱུ་རེད།