ཟླ་བཞི་བའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་ཏང་འཛུགས་ལས་གཞིའི་དཔྱད་ཞིབ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་དང་ཁུལ་དྲུག་གི་ཏང་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་བདུན་གྱི་གཞི་རིམ་ཏང་འཛུགས་ལས་གཞི་ཉེར་ལྔ་དང་གཞི་རིམ་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལས་གཞི་བརྒྱད་ལ་གཟབ་ནན་གྱིས་དཔྱད་ཞིབ་བྱས། ཐེངས་འདིའི་དཔྱད་ཞིབ་བྱ་བར་ཐེངས་སྔོན་མ་དག་གི་དཔྱད་ཞིབ་དང་མི་འདྲ་ས་ཞིག་ཡོད་པ་ནི། དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་སྔར་ཡོད་ཀྱི་དཔྱད་འདེམས་མི་སྣའི་རྨང་གཞིའི་སྟེང་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་དང་ཏང་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དཔྱད་འདེམས་པར་བདམས་ནས་ཕན་ཚུན་ལ་དཔྱད་བསྡུར་བྱེད་པའི་ལས་རིམ་གསར་དུ་བསྣན་པ་དེ་རེད།
ཐེངས་འདིའི་དཔྱད་ཞིབ་ཚོགས་འདུས་ཞིབ་ཏུ་གླེང་བ་དང་དྲི་བ་དྲིས་ལན། མིང་མི་འགོད་པར་སྐར་མ་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་དང་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་དང་ཏང་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་ལས་གཞིའི་འདྲེན་བྱེད་དང་བྱེ་བྲག་གི་བྱེད་ཐབས། ལག་བསྟར་གོ་རིམ། དངུལ་གཏོང་སོགས་ཐད་ནས་གཏམ་བཤད་ཞིབ་ཏུ་བྱས་པ་དང་། དཔྱད་འདེམས་པ་རྣམས་ཀྱིས་གཏམ་བཤད་ཀྱི་གནས་ཚུལ་ལ་གཞིགས་ནས་ལས་གཞིའི་ཚན་རིག་རང་བཞིན་དང་དངོས་ཡོད་རང་བཞིན་སོགས་ལ་དམིགས་ཏེ་འདྲ་མཉམ་དྲང་བཞག་དང་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་ལྟར་ལས་གཞི་ལ་གདེང་འཇོག་བྱས་པ་དང་གནས་པའི་གནད་དོན་བསྟན་ཏེ་ལས་གཞི་སྔར་ལས་འཐུས་ཚང་དུ་གཏོང་བའི་ཐད་བསམ་འཆར་བཏོན་པར་མ་ཟད་ལས་གཞིར་སྐར་མ་རྒྱབ། དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་སྐར་མ་རྒྱབ་པའི་གནས་ཚུལ་ལྟར། མཇུག་མཐར་ཞིང་ཆེན་རིམ་པའི་ཏང་འཛུགས་ལས་གཞི་གཙོ་བོ་བཅོ་ལྔ་གཏན་ཁེལ་བྱས་པ་དང་དེའི་ནང་གཞི་རིམ་གྱི་ཏང་འཛུགས་ལས་གཞི་བཅུ་དང་གཞི་རིམ་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལས་གཞི་ལྔ་ཡོད། ལྷག་མའི་ཏང་འཛུགས་ལས་གཞི་བཅོ་བརྒྱད་དེ་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་ཏང་འཛུགས་ཨུ་ཡོན་ལྷན་ཁང་སོ་སོའི་ཏང་འཛུགས་ལས་གཞི་གལ་ཆེན་དུ་བརྩིས་ཏེ་གཅིག་གྱུར་སྐུལ་འདེད་གཏོང་རྒྱུ་ཐག་བཅད།