རྒྱལ་ཁབ་ཀྱིས་མཚོ་སྔོན་གྱི་ལོག་དཀར་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི་བཞི་འཛུགས་པར་རྒྱབ་སྐྱོར་བྱས།
2018.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

 ཐོན་ཚད་མཐོ་ཞིང་བརྟན་པའི་ལོག་དཀར་ཐོན་སྐྱེད་ཀྱི་རྟེན་གཞི་གཙོ་བོ་ཞིག་འཛུགས་པར་ཤུགས་སྣོན་པ་དང་། ལོག་དཀར་གྱི་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་ཤུགས་ཇེ་ཆེར་གཏོང་བ། བཟའ་སྣུམ་འདོན་སྤྲོད་བཟང་བོ་བྱེད་པར་ཁག་ཐེག་བཅས་བྱེད་ཆེད། ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ལ་ལོག་དཀར་ཐོན་སྐྱེད་རྟེན་གཞི་ཆེན་པོ་འཛུགས་སྐྲུན་བྱེད་པའི་ལས་གཞིའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་བརྒྱད་བཏང་སྟེ། ལོག་དཀར་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི་བཞི་འཛུགས་སྐྲུན་བྱེད་རྩིས་རེད།

མིག་སྔར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཞིང་ཕྱུགས་ཐིན་དང་མཉམ་དུ་རྒྱལ་ཁབ་དངུལ་གཏོང་འཆར་གཞི་བགོ་བ་དང་མར་སྤྲོད་པའི་བྱ་བ་དམ་འཛིན་བྱས་པར་མ་ཟད། འབྲེལ་ཡོད་ལས་ཁུངས་ཀྱི་ཐོག་མའི་ཇུས་གཞིའི་ཞིབ་བཤེར་ཆོག་མཆན་བྱ་བ་བཟང་བོར་སྒྲུབ་པར་ལྟ་སྐུལ་བྱེད་པ་དང་། བཟོ་སྐྲུན་འཛུགས་སྐྲུན་བྱ་བར་མྱུར་དུ་སྐུལ་འདེད་བཏང་སྟེ། བཟོ་སྐྲུན་སྔ་མོ་ནས་ལག་བསྟར་བྱེད་པ་དང་ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་ཀྱིན་ཡོད།