མཚོ་བྱང་ཁུལ་གྱིས་རྒྱལ་ཁོངས་ལྗང་སྒྱུར་ལས་འགན་སྤྱི་ཆིངས་ཁྲི་གསུམ་དང་སྟོང་གཉིས་ལྷག་ཡོངས་འགྲུབ་བྱེད་རྒྱུའི་འཆར་གཞི་བཟོས་ཡོད།
2018.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་བཞི་པའི་ཚེས་གསུམ་ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནགས་ལས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར། མཚོ་བྱང་ཁུལ་གྱིས་རྒྱལ་ཁོངས་ལྗང་སྒྱུར་ལས་འགན་སྤྱི་ཆིངས་ཁྲི་གསུམ་དང་སྟོང་གཉིས་ལྷག་ཡོངས་འགྲུབ་བྱེད་རྒྱུའི་འཆར་གཞི་བཟོས་ཡོད་པ་དང་། དེ་ནི་ལོ་སྔོན་མ་བཅུའི་ལྗང་སྒྱུར་རྒྱ་ཁྱོན་གྱི་སྤྱི་འབོར་ཡིན། ལས་འགན་འདི་ཡོངས་འགྲུབ་བྱེད་ཆེད། མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་སུ་ལྗང་སྒྱུར་བྱ་བ་མགྱོགས་མྱུར་སྒོས་སྤེལ་བཞིན་ཡོད།

མཚོ་བྱང་ཁུལ་གྱིས་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་ཅེས་པའི་འཐབ་ཇུས་བསམ་ཕྱོགས་ལག་བསྟར་བྱས་ཏེ་ཞིང་ཆེན་ཏང་ཨུས་བཏོན་པའི་དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་། སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་དགོས་པའི་ཐད་ཀྱི་གཏིང་ཟབ་ནང་དོན་ལ་རྒྱུན་ལོན་ཡང་དག་བྱས་པ་དང་། མདོ་ལ་རི་བོ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་གཅིག་གྱུར་སྐུལ་འདེད་བཏང་ལ། ལྗང་མདོག་གི་དམངས་སྟོབས་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་སྟེ་སྐྱེ་ཁམས་ཐོན་སྐྱེད་འཚོ་བ་བཟང་བོའི་སྒོ་ནས་འཁོར་རྒྱུག་བྱེད་པའི་ལྗང་མདོག་འཕེལ་རྒྱས་ལམ་བུ་ཞིག་འཚོལ་ཞིབ་བྱས། ཟླ་བཞི་བའི་ཟླ་དཀྱིལ་ནས་བཟུང་། ཁུལ་ཡོངས་ཀྱི་རྫོང་སོ་སོས་དུས་ཚོད་གཅིག་བསྡུས་བྱེད་དགོས་པ་དང་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་གཞི་རྒྱ་ཆེ་བའི་སྡོང་འཛུགས་ལྗང་སྒྱུར་འགུལ་སྐྱོད་སྤེལ་ནས་ཞིང་ཆེན་དང་ཁུལ་གྱིས་ཁག་བགོས་བྱས་པའི་རྒྱལ་ཁོངས་ལྗང་སྒྱུར་ལས་འགན་གཟབ་ནན་གྱིས་ཡོངས་འགྲུབ་བྱེད་དགོས་པ་དང་། ཟླ་ལྔ་བའི་ཟླ་དཀྱིལ་ནས་བཟུང་སྡོང་འཛུགས་ནགས་སྐྲུན་དང་ར་བསྐོར་བ། དོ་དམ་ལས་བགོས་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་པ། ཟླ་དྲུག་པ་ནས་ཟླ་དགུ་བའི་བར་སྡོང་བོར་ཆུ་གཏོང་བ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་པ། ཟླ་བཅུ་གཅིག་པའི་ཟླ་སྟོད་དང་ཟླ་དཀྱིལ་ལ་སྟོན་དུས་ཀྱི་ནགས་སྐྲུན་བྱ་བ་སྤེལ་ནས་ལོ་རེའི་ལྗང་སྒྱུར་ལས་འགན་ཡོངས་འགྲུབ་བྱེད་དགོས་པ་སོགས་ཀྱི་བཀོད་སྒྲིག་བྱས་ཡོད།

མཚོ་བྱང་ཁུལ་གྱིས་ནགས་ལས་ཐད་ཀྱི་བཟོ་སྐྲུན་གཙོ་བོར་གཟབ་ནན་གྱིས་སྐུལ་འདེད་བཏང་སྟེ་རང་བྱུང་ནགས་སྲུང་སྐྱོབ་དང་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ལས་གཞི་གཙོ་བོ་དམ་འཛིན་བྱས་ཏེ་འོས་འགན་སྡོང་འཛུགས་ཐད་ཀྱི་མང་ཚོགས་རང་བཞིན་དང་སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་རྒྱལ་ཁོངས་ལྗང་སྒྱུར་ཁྲོད་ཞུགས་ཚད་མཐོར་འདེགས་སུ་བཏང་། མཁར་གྲོང་གཅིག་གྱུར་དང་མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་མཛེས་པའི་མཁར་གྲོང་དང་ཞང་སྡེ་དར་རྒྱས་འཐབ་ཇུས་ཟུང་སྦྲེལ་བྱས་པ་དང་། ཚན་རིག་ལྟར་མཁར་ཞང་ལྗང་སྒྱུར་འཆར་འགོད་གཏན་ཁེལ་བྱས་ཏེ་ཧུར་ཐག་གིས་མཁར་ཞང་ལྗང་མདོག་ཐད་ཀྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱས།