ཟླ་བཞི་བའི་ཚེས་གཉིས་ཉིན། མཚོ་སྔོན་སྤུས་ལེགས་ཞིང་ཐོན་དངོས་རྫས་མཉམ་འབྲེལ་མནའ་མཐུན་འཛུགས་པའི་ཚོགས་ཆེན་ཟི་ལིང་ནས་ཚོགས་པ་དང་དེ་ལས་མཚོ་སྔོན་གྱི་སྤུས་ལེགས་ཞིང་ཐོན་དངོས་རྫས་དེ་མཉམ་སྐྲུན་མཉམ་སྤྱོད་ཀྱི་འཕེལ་རྒྱས་རྣམ་པ་གསར་བར་སྐྱོད་པ་མཚོན་ཡོད། མཉམ་འབྲེལ་མནའ་མཐུན་བཙུགས་པ་དེས་ཞིང་ཕྱུགས་ལས་ཐོན་སྐྱེད་ཚད་ལྡན་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་གྲགས་ཅན་གསར་སྐྲུན་བྱེད་པར་མ་ཟད། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་སྤེལ་བྱེད་པར་ནུས་པ་ཆེན་པོ་འདོན་ངེས་ཡིན།
མིག་སྔའི་བར་དུ་ཞིང་ཆེན་ཡོངས་སུ་ཕན་ནུས་ལྡན་པའི་སྒོ་ནས་བཀོལ་སྤྱོད་བྱེད་པའི་ཚད་ལྡན་ཞིང་ཐོན་དངོས་རྫས་བརྒྱད་བརྒྱ་དང་བཅུ་ལ་སླེབས་པ་དང་། ཁས་ལེན་ཐོབ་པའི་ཞིང་ཐོན་དངོས་རྫས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གཞི་ཁྱོན་སྤྱི་ཆིངས་ས་ཡ་བཞི་དང་འབུམ་དྲུག་ཁྲི་གཅིག་ཡོད། རྒྱལ་ཡོངས་སུ་ལྷད་མེད་ཟས་རིགས་ཀྱི་མ་བཅོས་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་དགུ་གསར་སྐྲུན་བྱས་ཡོད་པ་དང་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་བརྒྱད་ལྷག་ཡོད།