2017ལོར་མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ནགས་ཚལ་སྤྱི་ཆིངས་འབུམ་གཉིས་དང་ཁྲི་དྲུག་སྟོང་དགུ་འཛུགས་སྐྲུན་བྱས།
2018.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་ལྗང་བསྒྱུར་གནས་བབ་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 2017ལོར། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་བསྒྱུར་བྱེད་ཚད་ཇེ་མགྱོགས་སུ་སོང་སྟེ། བསྡོམས་པས་ནགས་ཚལ་སྤྱི་ཆིངས་འབུམ་གཉིས་དང་ཁྲི་དྲུག་སྟོང་དགུ་འཛུགས་སྐྲུན་བྱས།

རང་བྱུང་སླར་གསོ་དང་བཟོ་སྐྲུན་བཅོས་སྐྱོང་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁོག་ནས་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་སྤེལ་བ་དང་། གཅིག་གྱུར་སྒོས་བྱང་གསུམ་དང་སྐོར་ཐེངས་གསར་བའི་རྨོ་བསྐྱུར་ནགས་སྐྲུན། ཞིང་ཆེན་རིམ་པའི་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན་སོགས་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་ཏེ། མིའི་བཟོས་ནགས་ཚལ་སྤྱི་ཆིངས་ཁྲི་ལྔ་དང་སྟོང་དྲུག་འཛུགས་སྐྲུན་བྱས་པ་དང་། ནགས་ཚལ་སྤྱི་ཆིངས་ཁྲི་བཞི་དང་སྟོང་དགུ་གསོ་སྐྱོང་བྱས་ལ། རི་སྤྱི་ཆིངས་འབུམ་གཅིག་དང་ཁྲི་དྲུག་སྟོང་བཞི་ལ་རི་རྒྱ་ནགས་གསོ་བྱས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོ། ཆི་ལེན་རི་བོ་སོགས་སྐྱེ་ཁམས་རྩོལ་ནུས་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས། ཁུལ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཁུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་།

བྱེ་འགོག་བྱེ་བཅོས་ཐད་ནས་སྤྱི་ཆིངས་འབུམ་གཅིག་ཁྲི་གཉིས་སྟོང་ལྔ་བརྒྱད་བརྒྱ་ཡོངས་འགྲུབ་བྱས་པ་དང་། ལོ་ཧྲིལ་བོའི་ནང་རྒྱལ་ཁབ་ནགས་ལས་ཅུའུ་ཡིས་རྒྱལ་ཁབ་ཀྱི་བྱེ་མའི་སྤྱི་གླིང་བཞི་འཛུགས་སྐྲུན་བྱེད་རྒྱུའི་ཆོག་མཆན་བཀོད་དེ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་བྱེ་མའི་སྤྱི་གླིང་བཅུ་གཉིས་སུ་སླེབས། སྡེ་ཁག་སོ་སོས་འགན་ནུས་དང་འོས་འགན་ལག་བསྟར་ནན་མོ་བྱས་ནས། རྒྱལ་ཁོངས་ལྗང་བསྒྱུར་བྱ་འགུལ་ཁྲོད་ཞུགས་པ་དང་། ནགས་ལས་ཐོན་ལས་དང་སྐྱེ་ལྡན་འཕང་འབྲས། ཀྲུང་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་ཇུས་གཞི་ལག་བསྟར་བཟང་བོ་བྱས་ཏེ། ཐོན་ལས་འཕེལ་རྒྱས་རྒྱུ་སྤུས་དང་ཕན་འབྲས་མཐོར་འདེགས་བྱས་པས། ཞིང་ཆེན་ཡོངས་ཀྱི་ནགས་ལས་ཐོན་ལས་ཀྱི་སྤྱིའི་རིན་ཚད་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་བརྒྱད་བྱེ་བ་གསུམ་ས་ཡ་བརྒྱད་དུ་བསླེབས་པ་དང་། དེ་དུས་མཉམ་ལས་བརྒྱ་ཆའི་བཅུ་གཉིས་ཁ་སྣོན་བྱས།

སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཆིངས་ས་ཡ་བཞི་དང་འབུམ་དགུ་ཁྲི་དྲུག་ཅན་གྱི་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་དང་སྤྱི་ཆིངས་ས་ཡ་གསུམ་དང་འབུམ་དྲུག་ཁྲི་བདུན་སྟོང་བརྒྱད་ཡོད་པའི་རང་བྱུང་ནགས་ཚལ། སྤྱི་ཆིངས་ས་ཡ་བརྒྱད་དང་འབུམ་གཅིག་ཁྲི་གསུམ་སྟོང་གསུམ་ཅན་གྱི་བརླན་ས་བཅས་ལ་དོ་དམ་ནན་མོ་བྱས། རི་སྐྱེས་རི་དྭགས་དང་སྐྱེ་དངོས་སྲུང་སྐྱོབ་དང་རིགས་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། གསའ་གཟིག་སོགས་རི་སྐྱེས་རི་དྭགས་རྩ་ཆེན་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་ལ། སྐམ་སར་སྐྱེས་པའི་རི་སྐྱེས་རི་དྭགས་ཀྱི་རིམས་འགོག་བྱེད་ཚད་ཇེ་དྲག་ཏུ་བཏང་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཆི་ལེན་རི་བོའི་སྐྱེ་ཁམས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་མ་ཟད། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་བྱ་བ་གཏིང་ཟབ་ཏུ་སྤེལ་ལ། ནགས་ཚལ་གྱི་མེ་འགོག་བྱ་བར་ཤུགས་བསྣན་པ་དང་། མེ་འགོག་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། བསྟུད་མར་ལོ་སོ་གཅིག་རིང་ལ་ནགས་ཚལ་གྱི་མེ་སྐྱོན་ཆེན་པོ་ཐེངས་གཅིག་ཀྱང་མ་བྱུང་།

ཚན་རྩལ་གྱི་འདེགས་སྐྱོར་དེ་ནགས་ལས་འཕེལ་རྒྱས་ཀྱི་འགན་སྲུང་གལ་ཆེན་དུ་བརྩིས་པས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་རིན་ཐང་དང་སྐྱེ་ཁམས་རྒྱུ་ནོར་ཞིབ་འཇུག་ཞེས་པའི་རྣམ་གྲངས་ལ་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པ་དང་། ལེང་ཞི་ནགས་ལས་ཚན་རིག་ལག་རྩལ་སྐབས་བརྒྱད་པའི་བྱ་དགའ་ཨང་གཉིས་པ་ཐོབ།

རྒྱལ་དབང་ནགས་རས་མུ་མཐུད་དུ་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་གྱི་དོ་སྲུང་བྱ་དགའའི་ཁ་གསབ་དང་དཔྱད་ཞིབ་སྤེལ་ནས། རྒྱུན་མཐུད་ངང་གྲུབ་འབྲས་དཔྱད་ཞིབ་ཀྱི་སྐུལ་སློང་ཕྱོགས་སྟོན་ནུས་པ་སྲ་བརྟན་དང་མཐོར་འདེགས་སུ་བཏང་། མུ་མཐུད་དུ་ཐུན་མོང་གི་ནགས་ཚལ་དབང་ཆའི་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཐུན་མོང་ནགས་ཚལ་དབང་ཆའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ལག་བསྟར་ཇུས་གཞི་ཕྱིར་བཏོན་ནས། སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། དོ་དམ་ཚད་ལྡན་ཅན་དུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས།