མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་དང་དམངས་གཉེར་ཁེ་ལས། མི་སྒེར་བཅས་གྱ་བརྒྱད་ལ2017ལོའི་ཟི་ལིང་ལྷོ་བྱང་རིའི་ལྗང་སྒྱུར་བྱ་བའི་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ།
2018.04.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

《ཟི་ལིང་ལྷོ་བྱང་རིའི་ལྗང་སྒྱུར་ཁུལ་གྱི་བྱ་བའི་དམིགས་འབེན་དཔྱད་ཞིབ་ཚད་གཞི》ལྟར། མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་དང་དམངས་གཉེར་ཁེ་ལས། མི་སྒེར་བཅས་གྱ་བརྒྱད་ལ2017ལོའི་ཟི་ལིང་ལྷོ་བྱང་རིའི་ལྗང་སྒྱུར་བྱ་བའི་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ།

2017ལོར། ལྗང་སྒྱུར་ལས་ཁུངས་སོ་སོས་ཚད་མཐོན་པོས་མཐོང་ཆེན་དང་སེམས་ཞིབ་མོས་རྩ་འཛུགས་བྱས་ཏེ་འགན་འཁྲིའི་ཁུལ་ཁོངས་ཀྱི་ནགས་སྐྲུན་ལྗང་སྒྱུར་བཟོ་སྐྲུན་དམ་འཛིན་བྱས་ཤིང་། ཚད་གཞི་མཐོ་བའི་ནགས་སྐྲུན་སྤྱི་ཆིངས་བཞི་བཅུ་དང་ལས་ཆོད་དམའ་བའི་ནགས་ཚལ་སྤྱི་ཆིངས་དྲུག་བརྒྱ་རེ་དྲུག་གྲངས་ཆུང་དྲུག་སྒྱུར་བཀོད་བྱས་ལ། རིགས་སོ་སོའི་ཚད་གཞི་མཐོ་བའི་སྡོང་ཕྲུག་རྐང་འབུམ་དྲུག་བཙུགས་པར་མ་ཟད། གཟབ་ནན་གྱིས“ཆུ་དང་ས། ལམ། སྡོང་བོ། ལག་རྩལ། དོ་དམ”བཅས་ཀྱི་བྱེད་ཕྱོགས་ལྟར། ཤིང་སྡོང་དོ་དམ་སྲུང་སྐྱོབ་དང་ཁྱོན་ཡོངས་ནས་མེ་འགོག་བྱ་བ་ལག་བསྟར་བྱེད་པ། གནོད་འབུ་སྔོན་འགོག་སོགས་དོ་དམ་སྲུང་སྐྱོབ་བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ་ནགས་ཚལ་སྤྱི་ཆིངས་སྟོང་གཅིག་དང་སུམ་བརྒྱ་སོ་གསུམ་གྲངས་ཆུང་གསུམ་གསོ་སྐྱོང་བྱས། ཕྱོགས་མང་པོ་ནས་མ་དངུལ་བསྡུ་རུབ་བྱས་ཏེ་ལྗང་སྒྱུར་ཁུལ་གྱི་ཆུ་དང་གློག ལམ་དང་དོ་དམ་སྲུང་སྐྱོབ་ཁང་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སྲ་སྒྱུར་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྨང་གཞིའི་འགན་སྲུང་ནུས་པ་མཐོར་འདེགས་སུ་བཏང་ཞིང་། ལྷོ་བྱང་རིའི་ལས་ཁུངས་ལྗང་སྒྱུར་ཁུལ་གྱི་ནགས་སྐྲུན་ལྗང་སྒྱུར་ཐད་གྲུབ་འབྲས་མངོན་གསལ་བླངས་པར་མ་ཟད། ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་བདེ་བླག་ངང་ཡོངས་འགྲུབ་བྱས།

མཚོ་སྔོན་ཞིང་ཆེན་ཟི་ལིང་ལྷོ་བྱང་རིའི་ལྗང་སྒྱུར་མཛུབ་སྟོན་པུའུ་ཡིས་གཟེངས་བསྟོད་ཐོབ་པའི་ལས་ཁུངས་དག་གིས་མུ་མཐུད་དུ་གྲུབ་འབྲས་འདོན་སྤེལ་བྱས་ཏེ་ཤུགས་སྣོན་བྱེད་པ་དང་། ཟི་ལིང་མཐའ་འཁོར་གྱི་མི་སྡོད་ཁོར་ཡུག་ལེགས་སྒྱུར་དང་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ཐད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་རྒྱུ་ནི་རེ་བ་ཡིན་ལ། ལྗང་སྒྱུར་ལས་ཁུངས་སོ་སོས་ཕུལ་བྱུང་ལས་ཁུངས་དག་ལ་སློབ་སྦྱོང་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་འགོ་ཁྲིད་ལ་ཤུགས་སྣོན་དང་དངུལ་གཏོང་རྒྱ་བསྐྱེད་པ། འགན་འཁྲི་དངོས་འབེབས་བྱེད་པ། དོ་དམ་སྲ་སྒྱུར་བྱས་ཏེ་ད་ལོའི་དམིགས་འབེན་འགན་འཁྲི་ལེགས་པོར་ཡོངས་འགྲུབ་བྱེད་དགོས་ཟེར།