ཟླ་བཞི་བའི་ཚེས་བརྒྱད་ཉིན། གསར་འགོད་པས་ལུས་རྩལ་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2018ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ཚོགས་པའི་འདུར་རྒྱུག་འགྲན་སྡུར་གྱི་ཕུའུ་ཐའོ་ཡ་ས་ཚིགས་ཀྱི་འགྲན་སྡུར་ས་དེའི་དུས་ཚོད་ཚེས་བདུན་ཉིན་ལིས་ཨོ་མཱ་ཡོར་ནས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འདུར་རྒྱུག་ལུས་རྩལ་པ་ཆོས་དབྱིངས་སྐྱིད་བུད་མེད་ཀྱིས་སྤྱི་ལེ་ཉི་ཤུའི་འགྲན་སྡུར་ཁྲོད་དུས་ཚོད་གཅིག་དང་སྐར་མ་ཉེར་བརྒྱད་དང་སྐར་ཆ་བཞིའི་གྲུབ་འབྲས་ལ་བརྟེན་ནས་བྱ་དགའ་ཨང་དང་པོ་བླངས།
འགྲན་བསྡུར་མཇུག་རྫོགས་རྗེས། ཆོས་དབྱིངས་སྐྱིད་ཀྱིས་བཤད་རྒྱུར། ཐེངས་འདིའི་འགྲན་སྡུར་གྱི་གྲུབ་འབྲས་ལ་ཡིད་ཚིམ་པོ་ཡོད་པ་དང་། ངས་ས་འདི་ནས་ཡང་བསྐྱར་གསེར་གྱི་རྟགས་མ་ལེན་ཐུབ་པའི་རེ་བ་བཅངས་ཡོད་ལ། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་འཛམ་གླིང་འདུར་རྒྱུག་གི་ཚོགས་པའི་གཟེངས་རྟགས་འགྲན་སྡུར་ཁྲོད་ཡང་བསྐྱར་གསེར་གྱི་རྟགས་མ་ལེན་ཐུབ་པའི་རེ་བ་ཡང་བཅངས་ཡོད་ཟེར།