ཁྲི་ཀའི་ཡུལ་གྱི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་གསུམ་པ་སྤེལ་བ་རེད།
2018.04.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 7

དུས་སྟོན་གྱི་སྐབས་དང་བསྟུན་ནས། གཟབ་རྒྱས་ཀྱི་དབུ་འབྱེད་མཛད་སྒོ་དང་། རི་མོ་འགྲེམས་སྟོན། རྒྱལ་ཡོངས་གོ་གྲུ་རྒྱུག་འགྲན། ཞིང་ཆེན་ཡོངས་ཀྱི་གཟེབ་གྲུག་འགྲན་སྡུར། རླངས་འཁོར་འགྲེམས་སྟོན། ཐུན་མིན་རིག་གནས་ཐོན་རྫས་དང་ཟས་རིགས་འགྲེམས་སྟོན་སོགས་བྱ་འགུལ་རབ་དང་རིམ་པ་སྤེབ་བ་རེད།

ཟླ་བཞི་བའི་ཁྲི་ཀ་ནི་གནམ་སྔོ་ལ་ཆུ་གཙང་བའི་མི་ཡུལ་གྱི་དག་ཞིང་ཞིག་ཡིན་པས། ཁྱེད་རང་དཔྱིད་དཔལ་ལྷ་མོའི་གོམ་འགྲོས་དང་བསྡོངས་ནས་ཕེབས་དང་། ལི་སྡོང་གིས་འཛུམ་ཞལ་གྱི་མེ་ཏོག་ལྷུག་པོར་གྲོལ་ནས་ཁྱོད་ཀྱི་ལོག་ཕེབས་ལ་སྒུག་ཡོད།
 

ལི་སྡོང་མེ་ཏོག་རྣམ་པར་བཞད་པས་ས་གཞིའི་ཁྱོན་ལ་དྲི་བསུང་ཐུལ།
གསེར་ལྗོངས་ཁྲི་ཀ་རབ་ཏུ་མཛེས་པས་ཕྱོགས་ཀྱི་མགྲོན་པོ་མ་ལུས་བཀུག
མཛེས་པ་རྣམ་ལྔའི་སྣོད་ཀྱི་བཀོད་པ་འཇིག་རྟེན་མཛེས་པའི་རྒྱན་དུ་བཏེགས།

ལི་སྡོང་མེ་ཏོག་དགྱེས་པའི་འཛུམ་ཞལ་མཛེས།


རྨ་ཆུ་སྔོན་མོ་སྤྲོ་བའི་རླབས་ཕྲེང་མཛེས།


ངོ་མཚར་ས་གཤིས་ཐུན་མིན་ཏན་ཞ་མཛེས།


རང་བྱུང་སྣོད་ཀྱི་བཀོད་པ་རླན་ས་མཛེས།


སྔ་རབས་མེས་པོའི་ཤུལ་བཞག་གནའ་མཁར་མཛེས།