མདོ་ལ་རྫོང་གི་གནད་ཁེལ་དབུལ་སྐྱོར་ལ་ཕན་འབྲས་མངོན་གསལ་ཐོབ།
2018.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ4ཚེས3ཉིན། མདོ་ལ་རྫོང་གི2018ལོའི་དབུལ་སྐྱོར་མཁྲེགས་གཏོར་སྐུལ་སྤེལ་ཚོགས་འདུའི་སྟེང་། ཁྲིམ་ཚང་ལྔ་བརྒྱ་དང་སོ་བཞི་ཡི་དབུལ་བོ་སྟོང་གཅིག་དང་བདུན་བརྒྱ་ཞེ་ལྔ་དབུལ་ཐར་བྱུང་ཞིང་དབུལ་ཕོངས་སྡེ་བ་དྲུག་དབུལ་ཕོངས་ལས་ཡོངས་སུ་ཐར་ཏེ། དབུལ་ཕོངས་རྫོང་གི“ཞྭ་མོ་འཕུད་པའི”དམིགས་འབེན་གསལ་བོ་མངོན་འགྱུར་བྱས་པ་ཁྱབ་བསྒྲགས་བྱས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་”འབུར་ཐོན་དུ་བཟུང་ནས། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གནོན་ཤུགས་རིམ་པ་བཞིན་སེལ་བ་དང་འགན་འཁྲི་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱས། རྫོང་རིམ་པའི་དབུལ་སྐྱོར་སྡེབ་དངུལ2016ལོའི་སྒོར་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་བརྒྱད་ནས་བྱེ་བ་གཅིགལ་འཕར་བས་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉིས་བརྒྱ་དང་དགུ་ལྷག་འཕར་ཡོད། སྲིབ་ལུང་ཀླད་དང་ར་གདོང་། སྡེ་ཞོལ་མ་སོགས་སྡེ་བ་བདུན་དབུལ་ཕོངས་ལས་འབུད་པའི་ལས་འགན་དང་ཡིག་ཚགས་བཟོས་ཏེ་བྱང་བུ་བསྒྲུབས་པའི་དུད་ཁྱིམ་ལྔ་བརྒྱ་དང་དོན་བདུན་གྱི་དབུལ་བོ་སྟོང་གཅིག་དང་བརྒྱད་བརྒྱ་དོན་དྲུག་བརྟན་བརླིང་ངང་དབུལ་ཐར་འབྱུང་བར་བྱས། བཙུན་མོ་གཞོང་གྲོང་རྡལ་དུང་སོ་ཆེ་བ་སྡེ་བའི་དུད་ཁྱིམ་ལྔ་བཅུ་ང་བརྒྱད་ལ་ཡིག་ཚགས་བཟོས་ཏེ་བྱང་བུ་བསྒྲུབས་ཤིང་གནས་སྤར་ནས་ཁྱིམ་ཚང་རེའི་ཞིག་གསོའི་འགྲོ་གྲོན་སྒོར་ཁྲི་གཉིས་དང་སྟོང་ལྔ་རེ་ཐག་གིས་བཅད་པས། དབུལ་ཁྱིམ་སྤོར་ཐུབ་པ་དང་འདུག་བདེ་བ། བུ་ལོན་འཁུར་མི་དགོས་པར་བཏང་།

ནུས་ཤུགས་ཡོད་རྒུས་གནད་ཁེལ་དབུལ་སྐྱོར་ལེགས་སྤེལ་གྱི་བྱ་བའི་ཁྲོད། མདོ་ལ་རྫོང་གིས་རྫོང་རིམ་པའི་འགོ་ཁྲིད་ཉེར་བདུན་ལ་ཡིག་ཚགས་བཟོས་ཏེ་བྱང་བུ་བསྒྲུབས་པའི་དབུལ་ཁྱིམ་དམིགས་འཛུགས་ལས་འགན་བགོས་ནས། རྫོང་རིམ་པའི་འགོ་ཁྲིད་ཀྱིས་ས་གནས་འབྲེལ་འདྲིས་ཀྱི་རོགས་སྐྱོར་དང་ཏང་ཡོན་ལས་བྱེད་པའི“ཆ་སྒྲིག་རོགས་སྐྱོར།” སྡེ་སྡོད“ཧྲུའུ་ཅི་དང་པོའི”རོགས་སྐྱོར་དང་ཏང་ཡོན་གྱིས་དབུལ་ཁྱིམ་གྱི་སྣེ་འཁྲིད་པ། འབྱོར་ལྡན་པས་དབུལ་ཁྱིམ་གྱི་སྣེ་འཁྲིད་པ། རྣམ་གྲངས་རོགས་དངུལ་གྱིས་ཏང་ཡོན་དང་འབྱོར་ལྡན་པའི་སྣེ་འཁྲིད་པ་བཅས་བྱས། འདེབས་འཛུགས་ལས་རིགས་དང་ཕྱུགས་ལས། ཡུལ་སྐོར་སོགས་ཀྱི་རྣམ་གྲངས་བརྒྱུད་དེ་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ཁྱོན་ཡོངས་ནས་ཇེ་བརྟན་དུ་བཏང་སྟེ་དབུལ་ཐར་ཡུལ་ཁོངས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། ཏང་ཡོན་ལས་བྱེད་སྟོང་གཅིག་དང་བདུན་བརྒྱ་དང་དབུལ་ཁྱིམ་སྟོང་གཅིག་དང་བདུན་བརྒྱ་ང་བཞི་ཆ་བསྒྲིགས་ཏེ་རོགས་སྐྱོར་ལས་དོན་དགུ་བརྒྱ་ལྷག་དང་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་དྲུག་དངོས་འབེབས་བྱུང་།

                                                                                                                                                          ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་ཀླུ་མཁར་རྒྱལ།