“མདོ་དབུས་མཐོ་སྒང་གི་འགྲོ་བ་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མ་དཔེ་རིག་མཛོད་འཛུགས་སྐྲུན”གྱི་ལས་གཞི་སྤེལ་་མགོ་བརྩམས།
2018.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླབཞི་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཞིབ་འཇུག་གསར་སྤེལ་འཆར་གཞི་གཙོ་བོའི་ནང་གི་སྐྱེ་དངོས་བདེ་འཇགས་ཀྱི་གནད་འགག་ལག་རྩལ་ཞིབ་འཇུག་གི་ཆེད་གཉེར་ལས་གཞི་གལ་ཆེན་ཏེ། “མདོ་དབུས་མཐོ་སྒང་གི་འགྲོ་བ་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མ་དཔེ་རིག་མཛོད་འཛུགས་སྐྲུན”གྱི་ལས་གཞི་མཚོ་སྔོན་སློབ་ཆེན་དུ་སྤེལ་མགོ་བརྩམས།

རྣམ་གྲངས་འདི་ནི་མཚོ་སྔོན་སློབ་ཆེན་གྱིས་མགོ་ཁྲིད་ཅིང་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་མི་རིགས་སློབ་ཆེན། ཀྲུང་གོ་ཚན་རྩལ་གླིང་གི་རི་དྭགས་ཞིབ་འཇུག་ཁང་། ཧྥུའུ་ཏན་སློབ་ཆེན། ཧ་ཨར་པིན་བཟོ་ལས་སློབ་ཆེན་བཅས་ལས་ཁུངས་དྲུག་གིས་མཉམ་འབྲེལ་བྱས་ཏེ་ལག་བསྟར་བྱས། ཞིབ་འཇུག་གི་ནང་དོན་གཙོ་བོ་ནི་མདོ་དབུས་མཐོ་སྒང་གི་སྔར་སྡོད་རིགས་ཚོགས་དང་མི་རབས་གཉིས་ཡན་ཆད་ཀྱི་གནས་སྤོར་རིགས་ཚོགས་ཀྱི་འགྲོ་བ་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མ་དཔེ་རིག་མཛོད་ཡིན།

ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའམ་ལས་གཞིའི་དབུ་བཞུགས་འགན་ཁུར་བ་ཀྲིག་ཆི་ཡིས་བཤད་རྒྱུར།“མདོ་དབུས་མཐོ་སྒང་གི་འགྲོ་བ་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མ་དཔེ་རིག་མཛོད་ནི་ཀྲུང་ཧྭ་མི་རིགས་ཀྱི་མིའི་རིགས་རྒྱུད་འཛིན་ཐོན་ཁུངས་ཀྱི་མ་དཔེ་རིག་མཛོད་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན། མ་དཔེ་རིག་མཛོད་ཀྱི་གསར་འཛུགས་བརྒྱུད་དེ། ཀྲུང་ཧྭའི་མི་ཚོགས་ཀྱི་རྒྱུད་འཛིན་མ་དཔེ་གཙོ་བོ་ཉར་ཚགས་བྱ་རྒྱུ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འདིང་རྒྱུའི་རེ་བ་ཡོད”ཟེར།

ལས་གཞི་དེས་རྒྱལ་ནང་དུ་ཚད་གཞི་ཅན་དང་ཚད་ལྡན་ཅན། སྤུས་ཚད་གཟབ་ནན་གྱི་ཚོད་འཛིན་བྱས་ཏེ་མདོ་དབུས་མཐོ་སྒང་གི་འགྲོ་བ་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མ་དཔེ་རིག་མཛོད་ཀྱི་སྟེགས་བུ་ཐོག་མར་བསྐྲུན་ཏེ། ཀྲུང་གོའི་འགྲོ་བ་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མ་དཔེ་རིག་མཛོད་ཆ་འཕྲིན་དོ་དམ་གར་སྟེགས་སུ་མཉམ་སྤྱོད་ཐུབ་པ་མངོན་འགྱུར་བྱ་རྒྱུ་དང་། མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་མིའི་རིགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་དང་དོ་དམ་ཚོད་འཛིན། ཞིབ་འཇུག་ལ་སྲོག་ཤིང་འཐབ་ཇུས་ཀྱི་ཐོན་ཁུངས་མཁོ་འདོན་བྱ་རྒྱུ་ཡིན་ལ། མཐོ་སྒང་གི་མི་ཚོགས་ཀྱི་རྒྱུད་རྒྱུ་ཁག་གི་རྒྱུད་འཛིན་ཁྱད་གཤིས་ལ་དབྱེ་ཞིབ་བྱས་ནས་དབྱང་དཀོན་པར་འཚམ་པའི་རྒྱུད་འཛིན་གྱིས་དྲ་རྒྱར་སྙོམས་སྒྲིག་བྱེད་པ་དང་། མཐོ་སྒང་གི་ནད་རིགས་སྣ་ཚོགས་སྔོན་འགོག་ལ་ཞིབ་འཇུག་གསར་སྤེལ་བྱེད་པར་དོན་སྙིང་ཆེན་པོ་ལྡན།

ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའམ་མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་ཝང་ཀོང་ཆན་གྱིས་བཤད་རྒྱུར།“ང་ཚོས་མདོ་དབུས་མཐོ་སྒང་གི་འགྲོ་བ་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མ་དཔེ་རིག་མཛོད་དེ་མཚོ་སྔོན་དུ་འཛུགས་སྐྲུན་བྱས་པ་ནི་ང་ཚོའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་མཚོན་ཐབས་ཤིག་ཡིན། འདི་ནི་ལས་གཞིའི་གནད་དོན་ཙམ་མིན་པར་ང་ཚོའི་རྒྱལ་ཁབ་ཀྱིས་ལག་བསྟར་བྱེད་བཞིན་པའི་གསར་གཏོད་སྐུལ་འདེད་འཐབ་ཇུས་ཀྱི་འགྲེམ་ཚུལ་ཉག་གཅིག་ཡིན།”མིག་སྔར་ཆེད་གཉེར་ལས་གཞིའི་མ་དཔེའི་རིག་མཛོད་ཀྱི་ཚོད་ལྟ་ཁང་གི་འཛུགས་སྐྲུན་བྱ་བ་ཡོངས་སུ་སྤེལ་ཟིན།

                                                                                                                                                  ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་སྒྲོལ་མ་འཚོ།