ཁྲི་ཀ་རྫོང་གིས་རྒྱལ་ཡོངས་ཀོ་གྲུ་འགྲན་སྡུར་གྱི་བྱ་འགུལ་སྐབས་དང་པོ་བསྡུས།
2018.04.14 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 25

IMG_3448.jpg

ཉེ་བའི་ལོ་འདི་གའི་རིང་ལ། ཁྲི་ཀ་རྫོང་གིས་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ས་ཚིགས་གསར་འཛུགས་བྱེད་པའི་དམིགས་འབེན་རྒྱུན་འཁྱོངས་དང་། ཁྲི་ཀ་ནི་ཞིང་ཆེན་རིམ་པའི་ཡུལ་སྐོར་འཕེལ་རྒྱས་དང་རྨ་ཆུའི་རྒྱུད་ཀྱི་ཡུལ་སྐོར་རྣམ་པའི་ཁྲོད་ནས་གོ་གནས་གལ་ཆེན་ཟིན་ཐུབ་པར་འགན་ལེན་ཁག་ཐེག་བྱེད་བཞིན་ཡོད།

ད་ལོའང་ལོ་སྔོན་མ་དང་འདྲ་བར་རྒྱལ་སྤྱིའི་ཐོན་རྫས་གྲགས་ཅན་གྱི་འགྲན་སྡུར་སོ་སོའི་སྟེགས་བུ་འདི་བརྒྱུད་ནས། རྒྱལ་ནང་དང་རྒྱལ་སྤྱིའི་སྒང་ལ་ཁྲི་ཀའི་ཐུན་མིན་གྱི་རང་བྱུང་ཐོན་ཁུངས་དང་གཏིང་ཟབ་པའི་རིག་གནས་ཕྱིར་འདོན་བྱེད་པའི་ཕྱོགས་ལ་དགེ་མཚན་མི་དམན་པ་ཐོན་བཞིན་ཡོད་དེ། དེ་བས་ཟླ་འདིའི་ཚེས14ཉིན་ཁྲི་ཀའི་རྨ་ཆུའི་བརླན་སའི་སྤྱི་གླིང་སྟོང་ཉམས་མཚེའུ་ལྗོངས་རྒྱུ་ལྟེ་གནས་ནས་རྒྱལ་ཁབ་རིམ་པའི་གདན་ཞུས་ཀོ་གྲུ་འགྲན་སྡུར་ཞིག་སྤེལ་མགོ་བརྩམས་ཤིང་། སྤྱིར་ལུས་རྩལ་དང་རིག་གནས་ཡུལ་སྐོར་གཉིས་དུས་མཉམ་དུ་མཉམ་བསྲེས་མཉམ་སྡེབ་བྱེད་པ་འདི་ནི་དམངས་ཀྱི་འདོད་བློ་སྐོང་ཐུབ་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་པ་ཞིག་དང་། དེང་གི་དར་སྲོལ་གྱི་རྣམ་པ་ཞིག བདེ་ཐང་དང་། ངལ་གསོ། རོལ་རྩེད་ཀྱི་རྣམ་པ་མཆོག་ཏུ་གྱུར་བ་ཞིག་ཡིན་པས། ཐེངས་འདིར་ཁྲི་ཀ་རྫོང་གིས་ཆེད་དུ་ཀྲིག་ཅང་དང་། ཀན་སུའུ། ཞཱ་མོན། མཚོ་སྔོན་བཅས་ནས་འགྲན་ཞུགས་པ་བཞི་བཅུ་ལྷག་གདན་འདྲེན་ཞུས་ཏེ་ཀོ་གྲུ་འགྲན་སྡུར་གྱི་བྱ་འགུལ་སྤེལ་ཏེ་སིལ་སྡོང་མེ་ཏོག་གི་དུས་ཆེན་འདི་ཕུན་སུམ་ཇེ་ཚོགས་སུ་བཏང་།

ཀོ་གྲུ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཆུ་ངོས་ནས་ཁྱད་ཆོས་མངོན་པར་འཕགས་པའི་ལུས་རྩལ་གྱི་རྣམ་པ་ཁྱད་པར་ཅན་ཞིག་ཡིན་ལ། 1936ནས་བཟུང་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་སུ་ཚུད། འགྲན་སྡུར་འདི་ནི་རྒྱལ་ཁབ་ཕྱི་ནང་གི་ལུས་རྩལ་པ་མང་པོས་རེ་ལྟོས་དང་དགའ་མོས་ཆེས་བྱེད་ས་དེ་ཡིན་ལ། གཞན་ཞིག་ནས་བཤད་ན་འདི་ནི་ཆེད་ལས་པ་ཁོ་ནས་སྤྱོད་ཡུལ་དུ་གྱུར་བའི་འགྲན་སྡུར་གྱི་རྣམ་གྲངས་རྐྱང་རྐྱང་ཞིག་མ་ཡིན་པར། སྤྱིར་བཏང་གི་མང་ཚོགས་ཚོས་ཀྱང་སྤྱོད་ཤེས་སྤྲོ་གསེང་གི་རྣམ་པར་རོལ་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན།

ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཧྥན་ཡོང་ཕིན་གྱིས་བཤད་རྒྱུར། ཐེངས་འདིར་འདི་ལྟ་བུའི་འགྲན་སྡུར་བྱ་འགུལ་ཞིག་བསྡུས་དགོས་པ་ནི་མིག་སྔར་བྱུང་མ་མྱོང་བའི་ཀོ་གྲུ་འགྲན་སྡུར་གྱི་སྟོང་ཆ་ཅིག་ཅར་སྐོང་བ་ཡིན་ལ། ཆུ་ངོས་ལུས་རྩལ་གྱི་ཚད་བརྒལ་རང་བཞིན་ལྡན་པའི་རྣམ་པ་གསར་བར་ཉམས་ལེན་བྱེད་པའང་ཡིན། ཐེངས་འདིའི་འགྲན་སྡུར་འདིས་དམངས་ཡོངས་ལ་ལུས་རྩལ་སྦྱོང་བརྡར་གྱི་འདུ་ཤེས་མཐོར་འདེགས་དང། བསམ་བློ་བརྗེ་རེས་ཀྱི་སྟེགས་བུ་མཉམ་སྐྲུན། དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ཁུངས་གསར་སྐྲུན། བདེ་ཐང་གྲོང་ཁྱེར་གྱི་རྣམ་པ་གསར་འཛུགས་བཅས་ཀྱི་དགེ་མཚན་གང་མང་ལྡན་པ་བཅས་དམིགས་སུ་བཟུང་ནས་སྤེལ་བའོ།

IMG_3340.jpg

ཀོ་གྲུ་འགྲན་སྡུར་གྱི་ཡུལ་དངོས་སུ་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།

IMG_3345.jpg

མཚོ་སྔོན་ཧེ་ཀྲོང་ཆིན་ཞིང་ལས་འཕེལ་རྒྱས་ཚད་ཡོད་འགན་ལེན་ཀུང་ཟིའི་སྤྱི་གཉེར་བའམ་མཚོ་སྔོན་ཞིང་ཆེན་ཀོ་གྲུ་ལུས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཏུའུ་ཅན་ལེན་གྱིས་གཏམ་བཤད་གནང་བཞིན་པ།  

 

IMG_3355.jpg

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཕྱི་ཕྱོགས་བརྗེ་རེས་མཉམ་འབྲེལ་ཁྲུའུ་ཡི་ཁྲུའུ་ཀྲང་སིན་ཨར་ཅོན་གྱིས་ཡུལ་དངོས་སུ་ཤིས་ཚིག་འབུལ་བཞིན་པ།

462335320295420388.jpg

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་འགྲན་སྡུར་འགོ་རྩོམ་པར་ཁྱབ་སྒྲོག་བྱེད་པ།

IMG_3349.jpg

ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཧྥན་ཡོང་ཕིན་གྱིས་ཤིས་ཚིག་འབུལ་བཞིན་པ།

\"\"

འཁྲབ་སྟོན་ཞིག་གིས་འགྲན་སྡུར་མདུན་བསུས་པ།

\"\"

རིག་རྩལ་འཁྲབ་སྟོན་གྱི་རྣམ་པ།

\"\"

 འགྲན་སྡུར་སྔོན་གྱི་གྲ་སྒྲིག

\"\"

འགྲན་ཞུགས་པས་འགྲན་སྡུར་ལ་གྲ་སྒྲིག་བྱེད་བཞིན་པ།

\"\"

འགྲན་སྡུར་བྱེད་བཞིན་པ།

\"\"

འགྲན་སྡུར་བྱེད་བཞིན་པ།

\"\"

འགྲན་སྡུར་བྱེད་བཞིན་པ། 

IMG_3390.jpg

འགྲན་སྡུར་ལ་ལྟ་བའི་ལྟད་མོ་བའི་ཚོགས།

གསར་འགོད་པ།  དབང་རྒྱལ་ཚེ་རིང་།   པདྨ་མཚོ།