མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་བྱ་བའི་རྣམ་པ་གསར་པ་གསར་གཏོད་བྱེད་ཅེས་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ།
2018.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ད་ལོའི་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ནི་རང་རྒྱལ་གྱི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་གསུམ་པ་རེད། སྔར་ལས་ལྷག་པའི་སྒོ་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་མཐོར་འདེགས་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་བྱ་བའི་རྣམ་པ་གསར་པ་གསར་གཏོད་བྱེད་ཅེས་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ།

དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བྱ་བ་དངོས་དང་ཟུང་འབྲེལ་བྱས་པ་དང་། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་འབྲེལ་བའི་ཆབ་སྲིད་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། དམག་དོན་བདེ་འཇགས། དཔལ་འབྱོར་བདེ་འཇགས། རིག་གནས་བདེ་འཇགས། སྤྱི་ཚོགས་བདེ་འཇགས་སོགས་བདེ་འཇགས་ཁྱབ་ཁོངས་བཅུ་གཉིས་ལ་དམིགས་ཏེ་རྣམ་པ་སྣ་མང་གི་རྒྱལ་ཁབ་བདེ་འཇགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ།  ཞིང་ཆེན་ཐད་གཏོགས་སྡེ་ཁག་སོ་སོས་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་ཁྲིམས་སྐྱོང་འཆད་ཁྲིད། རྒྱལ་ཁབ་བདེ་འཇགས་སློབ་གསོའི་འགྲེམ་སྟོན་ལ་ལྟ་བ་དང་སློབ་སྦྱོང་བྱེད་པ་སོགས་བྱེད་ཐབས་སྣ་མང་སྤྱད་དེ་འབྲེལ་ཡོད་བྱ་འགུལ་སྤེལ་ནས་གཞུང་ཞབས་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་རྒྱལ་ཁབ་བདེ་འཇགས་དྲིལ་སྒྲོག་སློབ་གསོ་ཇེ་དྲག་ཏུ་བཏང་། དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོས་ཁོངས་གཏོགས་ཁུལ་གྱི་ཕྱོགས་བསྡུས་བཀོལ་སྤྱོད་སྤྱི་ཕན་བརྡ་འཕྲིན་དང་སྐད་འཕྲིན། སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་སོགས་སུ་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་རྒྱུན་ཤེས་དང་འབྲེལ་ཡོད་བཅའ་ཁྲིམས་ནང་དོན་དྲིལ་སྒྲོག་བྱས། ས་ཁུལ་གཙོ་བོ་རུ་རྒྱལ་ཁབ་བདེ་འཇགས་སློབ་གསོ་ནང་དོན་གཙོ་བོ་ཡིན་པའི་འགྲེམ་སྟོན་བྱ་འགུལ་སྤེལ་བ་དང་། དམངས་ཡོངས་ཧུར་ཐག་གིས་རྒྱལ་ཁབ་བདེ་འཇགས་ཤེས་བྱའི་སློབ་སྦྱོང་ཁྲོད་ཞུགས་པར་སྐུལ་སློང་བྱས་པར་མ་ཟད། བྱེད་ཐབས་སྣ་མང་སྤྱད་དེ་རྒྱ་ཆེའི་མང་ཚོགས་ཚོར་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཐད་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་ནས་དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་མཐོར་འདེགས་བཏང་།