མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཉིས་སྟོང་བཅོ་བརྒྱད་ལོའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།
2018.04.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཀྱི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣ་སྐོར་གསུམ་པར་བཅངས་པའི་བརྩེ་སེམས་གང་ལེགས་སྒོས་མཚོན་པར་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣས་ལས་དོན་སྒྲུབ་པ་དང་ལས་སྒོ་གསར་སྤེལ་བྱེད་པའི་བརྩོན་སེམས་བསྐྱེད་པ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་གཏིང་ཟབ་སྒོས་སྤེལ་བ་བཅས་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཉིས་སྟོང་བཅོ་བརྒྱད་ལོའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་།  སྐོར་གསུམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣ་ཉིས་བརྒྱ་བརྒྱད་ཅུ་ལྷག་དང་། ཅང་སུའུ་དང་ནན་ཅིན། ཝུའུ་ཞི་སོགས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གཉིས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་སོགས་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་མཛུབ་སྟོན་དུ་བྱས་པ་དང་། ལས་བྱེད་པར་སྤྲོ་སེམས་ཡོད་པ་དང་ལས་དོན་ལ་སྒུལ་ཤུགས་ཡོད་པ་ཁྲིད་ཕྱོགས་སུ་བྱས་ཏེ་གསོ་སྦྱོང་རྣམ་པ་གསར་གཏོད་བྱས་པ་དང་ཏང་གཤིས་གསོ་སྦྱོང་འབུར་ཐོན་བྱས་ལ། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་གདན་ཞུ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཞེས་པ་སོགས་འཆད་ཁྲིད་བྱས་པར་མ་ཟད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ཞིབ་བསྡུར་དང་བརྗེ་རེས་བྱས་ནས་མཚོ་སྔོན་མཐོ་སྒང་དུ་བྱ་བ་སྒྲུབ་བཞིན་པའི་རྒྱ་ཆེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣར་ཏང་གཤིས་སློབ་གསོ་ཐེངས་ཤིག་མྱོང་དུ་བཅུག་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣས་དུས་རབས་གསར་པའི་ནང་མཚོ་སྔོན་གྱི་ལས་དོན་ལ་རོགས་སྐྱོར་བྱས་ཏེ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་བའི་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་ཆེར་བཏང་། དེ་དང་མཉམ་དུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣས་མཐོ་སྒང་དུ་བྱ་བ་སྒྲུབ་པའི་སྐབས་ཀྱི་ལུས་པོའི་བདེ་ཐང་ལ་འགན་སྲུང་བྱེད་ཆེད། རྒྱལ་ནང་གི་མིང་དུ་གྲགས་པའི་མཐོ་སྒང་ལུས་རྩལ་ཐད་ཀྱི་མཛུབ་སྟོན་ཆེད་མཁས་པ་གདན་ཞུ་བྱས་ཏེ་མཐོ་སྒང་གི་ལུས་ཁམས་བདེ་སྲུང་ཐད་ཀྱི་རྒྱུན་ཤེས་ཁྲིད་དུ་བཅུག