ད་ལོར། མཚོ་ཤར་གྲོང་ཁྱེར་གྱིས་ལྗང་མདོག་གི་ས་རྒྱ་བསྐྱེད་དེ་སྤུས་ཚད་མཐོ་རུ་འདེགས་པ་རྒྱུན་འཁྱོངས་དང་མངའ་ཁོངས་ལྗང་སྒྱུར་ཟབ་སྤེལ་བྱེད་སྒོ་དམིགས་འབེན་དུ་བཟུང་ཞིང་། “ལྔ་བཞིའི”འཐབ་ཇུས་མཛུབ་སྟོན་དང་མཚོ་ཤར་གྱི་རི་ཆུ་དང་ཞིང་སྡེའི་ཁྱད་ཆོས་འབུར་དུ་བཏོད་ནས། མངའ་ཁོངས་ལྗང་བསྒྱུར་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་རྒྱ་ཆེའི་མང་ཚོགས་ཀྱིས་ལྗང་མདོག་ཁྱིམ་གཞིས་མཉམ་བསྐྲུན་མཉམ་སྤྱོད་བྱེད་པའི་སྤྲོ་སྣང་བསྐྱེད།
མཚོ་ཤར་གྲོང་ཁྱེར་གྱིས་ནགས་ཚལ་སྲུང་སྐྱོབ་ལས་གཞི་གནད་ཆེན་དང་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་ཀྱི་ལས་གཞི་སྐབས་གཉིས་པ་སོགས་ནགས་ལས་གཙོ་གནད་ལས་གཞི་གཅིག་གྱུར་འཆར་འགོད་བྱས་ཏེ་ཙོང་ཆུའི་གཞི་ཁྱོན་ཅན་གྱི་ནགས་འཛུགས་ཚོད་ལྟའི་ས་ཁུལ་བཙུགས་ཤིང་། འབབ་ཐང་ཉེ་འཁོར་གྱི་ལྗང་སྒྱུར་བྱེད་སྒོ་སྤེལ་ཏེ་ལོ་འདིའི་ནང་ས་མུའུ་བྱེ་བ་གཅིག་གི་ཐོག་ཏུ་སྡོང་པོ་འཛུགས་རྒྱུའི་འཆར་གཞི་བཀོད། ཁྱོན་ཡོངས་ནས་མཁར་གྲོང་ལྗང་བསྒྱུར་མཛེས་བསྒྱུར་གྱི་འཆར་གཞི་ལག་བསྟར་བྱེད་པ་དང་། ལྗང་མདོག་གི་མཁར་གྲོང་དང་གྲོང་གསེབ། ཁེ་ལས། ཁྱིམ་ཚང་། སློབ་ར། ལས་ཁུངས། དམག་སྒར་བཅས་འཛུགས་སྐྲུན་གྱི་བྱེད་སྒོ་ཤུགས་ཆེན་པོས་སྤེལ།
མཚོ་ཤར་གྱིས་སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་གནས་བབ་ལ་ངོས་འཛིན་བྱེད་པ་དང་གྲོང་ཁྱེར་གསར་བའི་འཕེལ་རྒྱས་ཆོས་ཉིད་དང་རང་སྟེང་གི་ཁྱད་ཆོས་གནད་ལ་འཁེལ་བའི་ངང་དམ་དུ་བཟུང་ནས། སྐྱེ་ཁམས་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་གང་ལེགས་ཡོང་བ་དང་། མཁར་ཞང་གཅིག་གྱུར་འཆར་འགོད་དང་གྲོང་ཁྱེར་དང་གྲུ་ཁ་གཞི་གཅིག་ཏུ་སྦྲེལ་བ། ཐོན་ལས་བྱེད་ནུས་དང་གྲོང་ཁྱེར་བྱེད་ནུས། སྐྱེ་ཁམས་བྱེད་ནུས་མཉམ་དུ་བསྲེ་བ་བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྐྱེད་ཚལ་གྱི་གྲོང་ཁྱེར་གསར་སྐྲུན་བྱ་བར་འབད་བརྩོན་བྱས།
མཚོ་ཤར་གྲོང་ཁྱེར་གྱིས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་འོས་འགན་སྡོང་འཛུགས་བྱེད་སྒོའི་ཁྲོད་ཞུགས་པར་སྐུལ་སློང་བྱས་ཏེ། དཔྱིད་དུས་ཀྱི་འོས་འགན་སྡོང་འཛུགས་ཁྲོད་སྡོང་རྐང་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་ལྔ་བཙུགས་པ་དང་། གསར་བཙུགས་ས་ཁྱོན་མུའུ་ཁྲི་གཅིག་སྟོང་བརྒྱད་བརྒྱད་བརྒྱ་ལ་སླེབས་ཤིང་། གསབ་འཛུགས་གསབ་འདེབས་མུའུ་སྟོང་གསུམ་དྲུག་བརྒྱ་ཡོངས་འགྲུབ་བྱས་ཡོད།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་ཀླུ་མཁར་རྒྱལ།