ཟླ་བཞི་བར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་ན་དྲུག་ཅུ་བརྒལ་བའི་ལས་བྱེད་པ་རྒན་པ་ཚོས་ཚ་ཟེར་དང་རླུང་གིས་གཙེས་པར་མ་འཛེམ་པར་ཉིན་རྒྱུན་རྩྭ་ཐང་དང་སྲང་ལམ། སློབ་གྲྭ་སོགས་སུ་སོང་ནས། ཆབ་སྲིད་ཀྱི་འགན་ཁུར་དྲག་པོ་དང་། བྱ་བའི་བརྩོན་སེམས་ཆེན་པོས་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། སྲིད་ཇུས་ལ་ངེས་ཤེས་ཡང་དག་ཡོད་པ། མང་ཚོགས་ཀྱི་ཁྲོད་དུ་སྙན་གྲགས་ཆེ་བ་བཅས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། རསྒྲོག་འགྲེལ་ཚན་ཆུང་གིས་སྒྲོག་འགྲེལ་བྱ་འགུལ་སྤེལ་བར་རང་འགུལ་གྱིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས། ཧུར་ཐག་གིས་“བཤད་པ་གཉིས་དང་ཡར་སྐུལ་གསུམ”གྱི་ཉིན་བརྒྱའི་བྱ་འགུལ་རྒྱ་ཆེར་སྤེལ། སྒྲོག་འགྲེལ་བྱེད་སྐབས་མགོ་ལོག་ཁུལ་གྱི་ལས་བྱེད་པ་རྒན་པ་ཚོས་ཁོར་ཡུག་ལ་གཙང་སྦྲ་བྱས་པ་དང་མི་རིགས་མཐུན་སྒྲིལ་བརྗོད་གཞི་བྱས་ནས་སློབ་གསོ་བཏང་ལ། ད་དུང་སློབ་མ་དང་དབུལ་བོར་རོགས་སྐྱོར་བྱས།
མགོ་ལོག་ཁུལ་གྱི་ལས་བྱེད་པ་རྒན་པའི་ཅུའུ་ཡི་འགན་ཁུར་བས་བཤད་རྒྱུར། དུས་རབས་གསར་བའི་ནང་དུ་བྱས་རྗེས་གསར་བ་འཇོག་དགོས། ཐེངས་འདིའི་ལས་བྱེད་པ་རྒན་པས་སྤེལ་བའི་“བཤད་པ་གཉིས་དང་ཡར་སྐུལ་གསུམ”གྱི་ཉིན་བརྒྱའི་བྱ་འགུལ་ནི། ཕན་ཚུན་ངོ་ཐུག་ནས་སེམས་གཏམ་ལྷུག་པོར་བརྗོད་པའི་ཡུལ་དངོས་སྒྲོག་འགྲེལ་དང་སྤྱི་ཚོགས་བྱ་འགུལ་སྣ་མང་མཉམ་འབྲེལ་བྱས་ནས། ལས་བྱེད་པ་རྒན་པས་ཧུར་ཐག་གི་ནུས་པ་ཐོན་པར་བྱས་པ་མ་ཟད། ད་དུང་རོང་འབྲོག་མང་ཚོགས་ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་ཇེ་བརྟན་དང་མཛེས་པའི་ཁྱིམ་གཞི་བསྐྲུན་པའི་འདུན་པ་ཇེ་ཆེར་བཏང་ཟེར།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་སྒྲོལ་མ་འཚོ།