གུང་ཧོ་རྫོང་གིས་གནད་ཁེལ་དབུལ་སྐྱོར་གྱི“ཉིན་བརྒྱའི་མཁྲེགས་གཏོར”ཞེས་པའི་ཆེད་དོན་བྱེད་སྒོར་སྐུལ་འགུལ་སྐྱོད་སྤེལ།
2018.04.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

2017ལོའི་དབུལ་ཐར་གྲུབ་འབྲས་སྔར་ལས་ལྷག་པའི་སྒོ་ནས་སྲ་བརྟན་ཡར་རྒྱས་སུ་གཏོང་བ་དང2018ལོའི་དབུལ་ཐར་མཁྲེགས་གཏོར་གྱི་རྣམ་གྲངས་སོ་སོའི་ལས་འགན་ཡོངས་འགྲུབ་འབྱུང་ཆེད། གུང་ཧོ་རྫོང་གིས་ཉི་མ་བརྒྱ་ཕྲག་དུ་མར་འབད་འབུངས་བྱས་ཏེ་མི་འདང་སར་དམིགས་ཤིང་གནད་ལ་ཁེལ་བའི་ཤུགས་བཏོན་ནས། “སྲིད་ཇུས་དྲིལ་བསྒྲགས་དང་། རྣམ་གྲངས་ལག་བསྟར། ཆ་བསྒྲིགས་རོགས་སྐྱོར། ལག་རྩལ་གསོ་སྦྱོང”སོགས་ཤུགས་ཆེར་བཏང་བ་བརྒྱུད་ནས་རྣམ་གྲངས་སོ་སོའི་དབུལ་སྐྱོར་བྱེད་ཡུལ་གཙོ་བོའི་དུས་འགོའི་བྱ་བ་དང་། རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་དུས་ཐུང་གཅིག་བསྡུས་སྒོས་གནད་ཁེལ་དབུལ་སྐྱོར་གྱི“ཉིན་བརྒྱའི་མཁྲེགས་གཏོར”ཞེས་པའི་ཆེད་དོན་འགུལ་སྐྱོད་སྤེལ།

2018ལོའི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་དབེན་ལས་འགན་གྱི་མགོ་ཡག་པོར་རྩོམ་པ་དང་རྣམ་པ་ལེགས་པོ་ཡོང་བ། རྨང་གཞི་བརྟན་པོ་འཇོག་པ་བཅས་ཀྱི་ཆེད་དུ། རྫོང་འདིའི་དབུལ་སྐྱོར་གསལ་སྤེལ་མགོ་ཁྲིད་ཚན་ཆུང་གིས«གུང་ཧོ་རྫོང་གི2018ལོའི་གནད་འཁེལ་དབུལ་སྐྱོར་གྱི“ཉིན་བརྒྱའི་མཁྲེགས་གཏོར”ཞེས་པའི་བྱ་འགུལ་གྱི་བྱ་བའི་ཇུས་གཞི»དཔར་འགྲེམ་བྱས་ནས། སྤྱིའི་རེ་བ་དང་ལས་འགན་གཙོ་བོ་གསལ་བོར་བཏོན་ཡོད། བྱ་འགུལ་ཁྲོད་དུ་སྔར་ལས་ལྷག་པའི་ཞིབ་ཚགས་ཀྱི་བྱ་བ་ལག་བསྟར་བྱས་ཏེ“སྲིད་ཇུས་དྲིལ་བསྒྲགས་དང་། རྣམ་གྲངས་ལག་བསྟར། ཆ་བསྒྲིགས་རོགས་སྐྱོར། ལག་རྩལ་གསོ་སྦྱོང”སོགས་རྣམ་གྲངས་སོ་སོའི་གཙོ་གནད་ཀྱི་རིགས་ཆེན་པོ་དྲུག་དང་མཁྲེགས་གཏོར་གྱི་རྣམ་གྲངས་བཅུ་བཞི་སྤེལ་བར་མ་ཟད་བྱ་འགུལ་སོ་སོའི་འཛུགས་སྐྲུན་རིམ་པ་དང་ལས་ཚད་འཕེལ་རིམ། ཨར་ལས་བྱེད་ཡུན་སོགས་དང་མཉམ་དུ་འབྲེལ་ཏེ། མཁྲེགས་གཏོར་འགུལ་སྐྱོད་ཀྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱས། དེའི་ཞོར་དུ་ལྟ་སྐུལ་ཞིབ་བཤེར་དང་སྒྲིག་ཁྲིམས་འདྲི་རྩད་བྱེད་ཤུགས་ལ་ཤུགས་བསྣན་ཏེ། “ཉིན་བརྒྱའི་མཁྲེགས་གཏོར”གྱི་བྱ་བར་སྐུལ་འདེད་ཀྱི་ཤུགས་མ་ཐོན་པ་དང་གྲུབ་འབྲས་མངོན་པར་མི་གསལ་བའི་འགན་འཁྲིའི་ལས་ཁུངས་ཀྱིས་འགན་འཁུར་པར་ཞིབ་བཤེར་བྱས་པ་དང་ཆད་པ་བཅད།

མིག་སྔའི་བར་དུ། རྫོང་འདིའི་ཐོན་ལས་ཁྱིམ་ལ་ཐོན་པའི་རྣམ་གྲངས་དང་། དབུལ་སྐྱོར་ཐོན་ལས་ར་བའི་རྣམ་གྲངས། གྲོང་གསེབ་ཡུལ་སྐོར་སོགས་གནད་ཆེ་བའི་རྣམ་གྲངས་ཀྱི་དུས་མགོའི་གྲ་སྒྲིག་གི་བྱ་བ་ལེགས་འགྲུབ་བྱུང་ཡོད།

ཡིག་སྒྱུར་བ།  དངོས་སྦྱོང་སློབ་མ་བདེ་སྐྱིད་དཔལ་མོ།