ཆུ་དམར་ལེབ་རྫོང་གིས་ཁྲལ་དོན་ཁྲིམས་སྲོལ་སྣ་ཚོགས་འབྲོག་པ་མང་ཚོགས་ཀྱི་སྙན་ལམ་དུ་བསྐྱལ།
2018.04.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 9

ཟླ་བཞི་བའི་ཟླ་འགོ་ལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གིས་སྤུས་ལེགས་ཁྲལ་བསྡུ་ཚོང་གཉེར་ཁོར་ཡུག་གིས་དཔལ་འབྱོར་སྤུས་ཚད་མཐོར་འདེགས་འབྱུང་བར་བྱེད་པ་བརྗོད་བཞི་ཡིན་པའི་ཐོག་ནས་རྒྱལ་ཁྲལ་དང་ས་ཁྲལ་གཏིང་ཟབ་སྒོས་བཅོས་སྒྱུར་བྱས་ནས། ཁྱད་འཕགས་རང་བཞིན་གྱི་ཁྲལ་བསྡུ་ཚོང་གཉེར་ཁོར་ཡུག་དང་དམངས་ལ་ཁྲལ་སྒྲུབ་ལས་དོན་སྟབས་བདེ་བཟོ་བའི་དཔྱིད་དུས་ཀྱི་འགུལ་སྐྱོད་སྤེལ། གོ་སླ་བའི་སྐད་ཆར་བརྟེན་ཞིང་འབྲོག་དམངས་ཀྱི་ཁྲལ་བསྡུའི་དགོས་མཁོ་ལ་དམིགས་འཛུགས་སྒོས་འབྲོག་པ་མང་ཚོགས་ཀྱི་ཉེ་འགྲམ་ནས་བྱུང་བའི་འགྱུར་ལྡོག་དག་ལ་དཔེ་བཞག་ནས། རྒྱལ་ཁབ་ཀྱིས་གསར་དུ་བཏོན་པའི་ཁྲལ་བསྡུའི་ཁེ་བཟང་སྲིད་ཇུས་རབ་དང་རིམ་པ་ཀློག་འགྲེལ་བྱས་ཏེ། ཁྲལ་དོན་ཁྲིམས་སྲོལ་སྣ་ཚོགས་འབྲོག་པ་མང་ཚོགས་ཀྱི་སྙན་ལམ་དུ་བསྐྱལ།

ཆུ་དམར་ལེབ་རྫོང་གིས་རྒྱལ་ཁྲལ་དང་ས་ཁྲལ་མཉམ་འབྲེལ་སྒོས་ཁྲལ་བསྡུ་བ་ཡི་རེ་བ་དང་ཁྲལ་གཉེར་པ་ཡི་བསམ་ཕྱོགས་ལྟར་རྒྱུན་འཁྱོངས་བྱས་ནས། ཆེས་མང་ནའང་ཐེངས་གཅིག་ལ་འགྲོ་བ་དང་དྲ་ཐོག་ནས་ཁྲལ་སྒྲུབ་བྱེད་པ། སྒོ་ཁར་ཞབས་ཞུ་བྱེད་དུ་ཡོང་བ་སོགས་ཀྱི་དམངས་ཕན་ཁྲལ་སྒྲུབ་རྣམ་པ་གསར་པ་སྐུལ་སྤེལ་བྱས། ཤུགས་ཆེན་པོས་རྒྱལ་ཁྲལ་དང་ས་ཁྲལ་མཉམ་སྦྲེལ་བྱས་ནས་དྲ་ཐོག་ཁྲལ་སྒྲུབ་ཀྱི་ཞབས་ཞུའི་ཚོམས་ཆེན་འཛུགས་སྐྲུན་བྱས་ཏེ། ཁྲལ་འཇལ་པ་ལ་སྒོ་ཕྱི་རུ་མ་སོང་བར་ཁྲལ་དོན་སྒྲུབ་པའི་ཞབས་ཞུ་འདོན་སྤྲོད་བྱས། དུས་མཉམ་དུ་ཆུ་དམར་ལེབ་ཀྱིས་རྒྱལ་ཁྲལ་དང་ས་ཁྲལ་བསྡུ་གཉེར་གྱི་སྲིད་ཇུས་དངོས་འབེབ་དོན་འཁྱོལ་བྱས་ནས། འབྲོག་དམངས་ཀྱི་ཚད་ལྡན་གྱི་དཔལ་ཡོན་ཞབས་ཞུ་སོགས་ཕྱོགས་ཀྱི་བསམ་ཚུལ་འདྲི་བརྩད་དང་ལེན་བྱས་ཤིང་། དེ་དག་ལས་བྱ་བའི་ཡར་རྒྱས་དང་སྦྱོང་བརྡར་ལ་ཤུགས་སྣོན་པ། ཁྲལ་དོན་ཁྲིམས་སྲོལ་དྲིལ་བསྒྲགས་སྲིད་ཇུས་ཀློག་འདོན་སོགས་ཕྱོགས་ཀྱི་བསམ་ཚུལ་རིགས་བཅུ་ལྷག་བསྡུ་ལེན་བྱས།